དྲ་བརྙན།

ཨ་ཧྥི་རི་ཀ་དང་བོད་བརྒྱུད་ནང་བསྟན།

བལ་ཡུལ་དུ་བཞུགས་པའི་སྒྲུབ་དཔོན་མཁན་ཪིན་པོ་ཆེན་ཀརྨ་ལྷ་བུ་མཆོག་གིས་2017ལོར་ནས་བཟུང་འདས་པའི་ལོ་འགའ་ཤས་ནང་ལྷོ་ཨ་ཧྥི་རི་ཀ་དང། ཀོང་གྷོ་དམངས་གཙོ་སྤྱི་མཐུན་རྒྱལ་ཁབ། རྫེ་བྷ་ཝིན་ཡུལ་གྱི་གདོད་མའི་མི་རིགས་ཀྱི་ལུགས་སྲོལ་དང་གོམས་གཤིས་ཡོད་སའི་ས་ཁུལ་ཁག་གཅིག་ཏུ་ཆོས་འཆད་ཉན་དང་དགེ་བསྙེན་གྱི་སྡོམ་པ་འབོགས་པ་སོགས་ཆེས་དཀོན་པའི་ཆོས་ཕྱོགས་ཀྱི་བྱ་བ་གང་ལེགས་གྲུབ་བྱུང་ཡོད་པ་རེད།དེ་རིང་གླེང་མོལ་ལེ་ཚན་ནང་།ཨ་ཧྥི་རི་ཀ་མི་རིགས་ནག་པོའི་ས་གནས་སུ་བོད་བརྒྱུད་ནང་བསྟན་ཐོག་མ་སྤེལ་བའི་བརྒྱུད་རིམ་དང་ད་སྐབས་ལྷོ་ཨ་ཧྥེ་རི་ཀའི་ན་གཞོན་སློབ་ཕྲུག་ཚོར་གཅིག་ལ་ཤེས་ཡོན་བསླབས་ནས་ཁོ་ཚོ་སོ་སོའི་མདུན་ལམ་ཡག་པོ་ཡོང་ཐབས་གནང་བཞིན་པའི་སྐོར་སྒྲུབ་དཔོན་མཁན་རིན་པོ་ཆེ་ལྷ་བུ་ལགས་དང་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་བཅའ་འདྲི་བྱེད་པ་གཟིགས་རོགས་ཞུ།

དྲ་གནས་ཆ་ཚང༌།