དྲ་བརྙན།

བརྙན་འཕྲིན་གསར་འགྱུར། ༢༠༢༢།༠༧།༢༦

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་གྱི་བརྙན་འཕྲིན། ༢༠༢༢།༠༧།༢༦ ཐེངས་འདིའི་བརྙན་འཕྲིན་ནང་། ལ་དྭགས་ཀྱི་རྒྱལ་ས་སླེ་རུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཆོས་ལུགས་ལ་མ་བརྟེན་པའི་བཟང་སྤྱོད་ཀྱི་སྐོར་བཀའ་སློབ་གནང་བ་སོགས་མཛད་འཕྲིན་སྐྱོང་བཞིན་པ། རྒྱ་ནག་གཞུང་གིས། པདྨ་འཕྲིན་ལས་རྒྱ་ནག་གི་འགྲོ་བ་མིའི་ཐོབ་ཐང་ཞིབ་འཇུག་ལྷན་ཚོགས་ཚོགས་གཙོར་བསྐོ་བཞག་བྱས་ནི་འཁྲབ་སྟོན་ཙམ་ཡིན་པ་འབྲེལ་ཡོད་ཉམས་ཞིབ་པས་འགྲེལ་བརྗོད་གནང་འདུག འབར་མའི་དྲག་པོའི་དམག་གཞུང་གིས་གྲོས་ཚོགས་ཀྱི་འཐུས་མི་ཟུར་པ་ཞིག་དང་དམངས་གཙོ་དོན་གཉེར་བ་གསུམ་སྲོག་ཐོག་བཏང་འདུག་པར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་སྐྱོན་བརྗོད་བྱས་པ་སོགས་དང་གླེང་མོལ་གྱི་ལེ་ཚན་བཅས་ཡོད། RFA Tibetan TV – July 26, 2022 Anchor: Palden Gyal Producer: Passang Dhonden

དྲ་གནས་ཆ་ཚང༌།