ཁེ་ན་ཌ་ནང་གནས་བཞུགས་བོད་ཀྱི་བུད་མེད་རྩོམ་པ་པོ་ཚེ་རིང་དབྱངས་འཛོམས་ལགས་ཀྱི་བརྩམས་ཆོས་ང་ཚོའི་ལུས་པོས་སའི་གོ་ལའི་རྒྱ་ཁྱོན་འཇལ་བ་(We Measure the Earth with Our Bodies)ཞེས་པ་དེ་ ༢༠༢༢ ལོར་པར་བསྐྲུན་བྱས་ཡོད། དུས་ཡོན་ཐུང་ཐུང་ཞིག་གི་ནང་དེབ་དེར་ཆེ་བསྟོད་ཀྱི་བྱ་དགའ་དང་ཀློག་པ་པོ་མང་པོས་དགའ་མོས་བྱེད་བཞིན་ཡོད་འདུག དེ་རིང་གི་གླེང་མོལ་ལས་རིམ་ནང་། རྩོམ་པ་པོ་ཚེ་རིང་དབྱངས་འཛོམས་ལགས་དང་ལྷན་དེབ་དེའི་རྩོམ་པའི་བརྒྱུད་རིམ་དང་དེབ་འདིའི་ནང་དོན་གྱི་དམིགས་བསལ་ཁྱད་ཆོས་སོགས་་ཀྱི་སྐོར་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་གླེང་མོལ་ཞུས་པར་གཟིགས་རོགས་གནང་།