དྲ་བརྙན།

སོག་ཡུལ་གྱི་ཆོས་ཀྱི་རྒྱལ་པོའི་མཚན་གསོལ་ཡོད་པའི་ཐད་གླེང་མོལ།

གླེང་མོལ་གྱི་ལེ་ཚན་ནང་། ཉེ་ལམ་སོག་པོའི་རྒྱལ་ཁབ་ཀྱི་སྲིད་འཛིན་མཆོག་ནས་སོག་པོ་ནང་བསྟན་གསལ་བྱེད་དགའ་ལྡན་དགོན་པའི་མཁན་པོ་ ཆོས་རྒྱ་མཚོ་མཆོག་ལ་རྒྱལ་ཁབ་དེའི་ཆོས་ཕྱོགས་ཀྱི་མཚན་གནས་ (ན་མོ་ཧན་) ཞེས་ ཆོས་ཀྱི་རྒྱལ་པོའི་མཚན་གནས་ཕུལ་ཡོད་པ་ལྟར། སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་དགོངས་གཞི་གཞིར་བཟུང་། སོག་ཡུལ་ནང་ནང་ཆོས་དར་སྤེལ་གནང་ཕྱོགས་དང་། སོག་པོ་དང་བོད་དབར་གྱི་ཆོས་ཕྱོགས་ཀྱི་འབྲེལ་ལམ་གོང་སྤེལ་གཏོང་ཕྱོགས། དེ་མིན་སོག་ཡུལ་ནང་སྐྱ་སེར་མང་ཚོགས་ལ་བོད་བརྒྱུད་ནང་ཆོས་ཁྱབ་སྤེལ་ཇི་ལྟར་གནང་ཕྱོགས་བཅས་ཀྱི་ཐད། མཁན་པོ་ཆོས་རྒྱ་མཚོ་མཆོག་དང་ལྷན། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་གཟིགས་གནང་རོགས་ཞུ།། སོག་ཡུལ་གྱི་ཆོས་ཀྱི་རྒྱལ་པོའི་མཚན་གསོལ་པ། སོག་ཡུལ་གྱི་ཆོས་ཀྱི་རྒྱལ་པོའི་མཚན་གསོལ་པ། Khambo lama honored with Mongolia’s spiritual leadership title. Host: Tashi Wangchuk. Producer: Nordhey Dolma.

དྲ་གནས་ཆ་ཚང༌།