དྲ་བརྙན།

རྒྱ་ནག་གིས་ཐེ་ཝན་ལ་སྡིག་རྭ།

རྒྱ་ནག་གི་ལོ་རྒྱུས་ནང་དམག་དོན་གྱི་ནུས་པ་ཆེ་ཤོས་དེ་ད་ལྟའི་སྐབས་སུ་ཡིན་པ་དང་། དེ་ཡང་སྲིད་འཛིན་ཞི་ཅིང་ཕིང་གིས་ཕྱི་ལོ་ ༢༠༢༢ ལོར་ད་དུང་ཡང་སྲིད་འཛིན་གྱི་ལས་དུས་བསྟུན་མ་ཐེངས་གསུམ་པ་བྱེད་རྒྱུ་འཆར་གཞི་ཡོད་པ་དང་། ཞི་ཅིན་ཕིང་རང་ཉིད་ཀྱི་བྱས་རྗེས་ངོས་འཛིན་ཐོབ་ཐབས་སུ་ཐེ་ཝན་དབང་བསྒྱུར་བྱེད་སྲིད་པར་གནད་དོན་ཁག་ཅིག་གིས་ཚོད་དཔག་བྱེད་བཞིན་ཡོད་པ་རེད། དེ་རིང་གླེང་མོལ་གྱི་ལེ་ཚན་ནང་རྒྱ་ནག་དང་ཐེ་ཝན་གཉིས་ཀྱི་འགོ་ཁྲིད་ཕན་ཚུན་མཁྲེགས་འཛིན་གཏམ་བཤད་བྱེད་བཞིན་པ་དང་། རྒྱ་ནག་གིས་ཐེ་ཝན་ལ་སྡིག་རྭ་ཇི་ཙམ་གཏོང་ཡང་ཐེ་ཝན་གྱི་ངོས་ནས་མགོ་བོ་སྒུར་མིན་པ་བརྗོད་བཞིན་པ། དེ་བཞིན་འདི་ལོ་ཕྱི་ཟླ་ ༡༠ ཚེས་ཤར་ནས་བཟུང་ ལྷག་པར་ཉེ་ལམ་རྒྱ་ནག་གཞུང་གིས་ཐེ་ཝན་གྱི་མཁའ་དབྱིངས་སྲུང་སྐྱོབ་ས་ཐིག་བརྒལ་ནས་མཁའ་དམག་གནམ་གྲུས་བསྟུད་མར་བཙན་འཛུལ་བྱེད་བཞིན་པ་སོགས་ལ་བརྟེན། ཐེ་ཝན་གྱི་གནས་བབས་ཛ་དྲག་ཅན་ཞིག་གི་ཐོག་གནས་ཡོད་པར་བརྗོད་བཞིན་ཡོད་པ་རེད།་ འདིའི་ཐད་ཨ་རིའི་གཞུང་གིས་གནང་བབས་ཐད་བྱང་ཨ་མི་རི་ཀའི་སྐུ་ཚབ་དོན་གཅོད་དངོས་གྲུབ་ཚེ་རིང་ལགས་དང་ཐེ་ཝན་སྐུ་ཚབ་དོན་གཅོད་འབའ་བ་སྐལ་བཟང་རྒྱལ་མཚན་ལགས་གཉིས་དང་ལྷན་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་གྱིས་གླེང་མོལ་ཞུས་པར་གསན་གཟིགས་གནང་རོགས།

དྲ་གནས་ཆ་ཚང༌།