དྲ་བརྙན།

རྒྱ་ནག་དམར་ཤོག་གི་འགོ་ཁྲིད་བརྗེ་ལེན་དང་བོད་ཐོག་ཤུགས་རྐྱེན།

ཕྱི་ལོ་ ༢༠༢༢ ལོ་འདི་ནི་རྒྱ་ནག་དམར་ཤོག་གི་འགོ་ཁྲིད་ཁྲོད་འཕོ་འགྱུར་ཤུགས་ཆེ་གཏོང་བ་དང་དམར་ཤོག་གི་གཙོ་གྲས་དཔོན་རིགས་མང་དག་ཅིག་གནས་སྤོས་དང་གནས་སྤར་གཏོང་ཞིང་། རྒྱ་ནག་གི་ཆབ་སྲིད་ཀྱི་དབང་ཆ་འཛིན་མཁན་ཁྲོད་དུ་འཁྲུགས་ཆ་དོད་པའི་ལོ་ཞིག་འཁེལ་ཡོད་ཅིང་། འཛམ་གླིང་ཡུལ་གྲུ་མང་པོས་དོ་སྣང་བྱ་ཡུལ་ཞིག་ཏུ་གྱུར་ཡོད་པ་རེད། ཐེངས་འདིའི་གླེང་མོལ་གྱི་ལས་རིམ་ནང་། རྒྱ་ནག་དམར་ཤོག་གི་འགོ་ཁྲིད་བརྗེ་ལེན་དང་བོད་ཐོག་ཤུགས་རྐྱེན་ཞེས་པའི་བརྗོད་གཞིའི་ཐད་བོད་དང་རྒྱ་ནག་གི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲིས་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་གཟིགས་ཡོང་བ་ཞུ། Political Reshuffle and Tibet factor: A lengmol interview with Kunga Tashi, China researcher. Host: Tashi Wangchuk Producer: Nordhey Dolma

དྲ་གནས་ཆ་ཚང༌།