དྲ་བརྙན།

མང་གཙོ་གནའ་འབྲེལ་ཚོགས་པ་གསར་འཛུགས་དང་བོད་དོན་སྐོར་གླེང་མོལ།

གླེང་མོལ་གྱི་ལེ་ཚན་ནང། ཉེ་ཆར་ཨོས་ཊེ་ལི་ཡའི་ནང་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་བོད་མི་དང་། ཡུ་གུར། ཧོང་ཀོང་བ། ཨོས་ཊེ་ལི་ཡའི་མི་རིགས་ཡིན་པ་གཞོན་སྐྱེས་ཁག་ཅིག་གིས་མང་གཙོ་གནའ་འབྲེལ་ཚོགས་པ་ཞེས་པའི་ཆབ་སྲིད་ཚོགས་པ་ཞིག་གསར་འཛུགས་གནང་ཡོད་པའི་སྐོར། ཚོགས་པ་དེ་གསར་འཛུགས་གནང་མཁན་གྲས་བོད་དོན་ལས་འགུལ་བ་དང་། ཨོ་་སི་ཀྲི་རེ་ལི་ཞི་ཡའི་བོད་མི་མང་སྤྱི་འཐུས་ཟུར་པ་གདོང་འདུས་སྐྱིད་འཛོམས་ལགས་དང་ལྷན་དུ། ཆབ་སྲིད་ཚོགས་པ་གསར་བ་དེ་དང་འབྲེལ་ནས་བོད་དོན་ལས་འགུལ་སྐོར་ལ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་དཔལ་ལྡན་རྒྱལ་ལགས་ཀྱིས་གླེང་མོལ་ཞུས་པར་གསན་གཟིགས་གནང་རོགས། RFA interviews former chitue Kyinzom Dongdue la,about the establishment of new political party “The Democratic Alliance political party”. Host:Palden Gyal. Producer:Nordhey Dolma.

དྲ་གནས་ཆ་ཚང༌།