དྲ་བརྙན།

བརྙན་འཕྲིན་གསར་འགྱུར། ༢༠༢༡།༠༩།༡༦

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་གྱི་བརྙན་འཕྲིན།། ༢༠༢༡།༠༩།༡༦ ཐེངས་འདིའི་བརྙན་འཕྲིན་ནང་། RFA Tibetan TV program • ཉེ་བའི་དུས་ཡུན་ནང་རྒྱ་ནག་གཞུང་གི་གོ་གནས་མཐོ་པོ་ཡོད་པའི་བོད་མི་འགོ་ཁྲིད་མི་སྣ་གསུམ་འཛིན་བཟུང་བྱས་འདུག • རྫ་དབོན་པོ་ཁུལ་འཛིན་བཟུང་བཀག་ཉར་ཡོད་པའི་བོད་མི་ཚོར་ཟས་གོས་སྨན་བཅོས་སོགས་ཀྱི་མཐུན་རྐྱེན་མ་སྤྲད་པའི་ཁར། ཉིན་ལྟར་འདྲི་བརྩད་སོགས་བྱེད་བཞིན་ཡོད་པ། • ཕྱི་རྒྱལ་སྤྱི་འཐུས་ཚོས་འགན་འཁུར་གྱིས་སྤྱི་འཐུས་གྲོས་ཚོགས་བསྐོང་ཚོགས་མི་ཐུབ་པའི་དཀའ་ངལ་སེལ་ཐབས་སུ་རྡ་སར་ཚོགས་འདུ་ཞིག་བསྐོང་ཚོགས་བྱ་རྒྱུའི་མགྲོན་བརྡ་ཞིག་བཏང་འདུག • གསར་འགྱུར་གྱི་ལས་རིམ་རྗེས་སུ་བཙན་བྱོལ་བོད་མིའི་སློབ་གྲྭ་ཁག་གི་གནས་སྟངས་དང་འབྲེལ་བའི་སྐོར་དབུས་བོད་མིའི་སྒྲིག་འཛུགས་ཀྱི་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་སུ་དམིགས་བསལ་བཅར་འདྲི་ཞུས་པའི་ལེ་ཚན་ཞིག་གཟིགས་འབུལ་ཞུ་རྒྱུ་ཡོད་པས་མུ་འཐུད་གསན་གཟིགས་གནང་རོགས་གནང་།

དྲ་གནས་ཆ་ཚང༌།