དྲ་བརྙན།

བརྙན་འཕྲིན་གསར་འགྱུར། ༢༠༢༡།༡༠།༡༤།

• སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཨ་རིའི་ཞི་བདེ་ལྟེ་གནས་ཁང་གི་དམིགས་བསལ་སྦྱོང་བརྡར་སྤྲོད་ཡུལ་དཀའ་རྙོག་ཅན་གྱི་ཡུལ་གྲུའི་ནང་ཞི་བདེ་བསྐྲུན་ཐབས་ཀྱི་ལས་དོན་གཉེར་མཁན་གཞོན་ནུ་ཁག་ཅིག་ལྷན་དུ་བེུད་ཀྱི་ནུས་སྟོབས་ཐད་བགྲོ་གླེང་མཛད་པ། • བོད་ནང་དྲ་རྒྱ་བེད་སྤྱོད་བྱེད་མཁན་ལ་དམ་བསྒྲགས་དེ་བས་ཆེ་རུ་གཏོང་རྒྱུ་རེད་འདུག • རྒྱ་ནག་གིས་བོད་ཀྱི་ས་ཁུལ་གང་སར་སྤྱི་གླིང་ཟེར་བ་མང་དག་ཞིག་བསྐྲུན་བཞིན་པ་དེས་ཁོར་ཡུག་བག་ཛོག་གི་ཚད་གཞི་ཉུང་དུ་གཏོང་ཐབས་ཀྱི་ལས་གཞི་ཡིན་འཁུལ་བརྗོད་བཞིན་པ་དེ་བདེན་པ་མིན་ལུགས། བོད་ཀྱི་འགྲོ་བ་མིའི་ཐོབ་ཐང་དང་མང་གཙོ་ལྟེ་གནས་ཁང་གིས་ཡུན་གནས་མི་ཐུབ་པའི་འབྱུང་འགྱུར་ཅེས་པའི་ཛ་དྲག་གི་སྙན་ཐོའི་ནང་བཀོད་འདུག

དྲ་གནས་ཆ་ཚང༌།