དྲ་བརྙན།

བརྙན་འཕྲིན་གསར་འགྱུར། ༢༠༢༢།༡༢།༠༡

• ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་ནག་ནང་འགྱུར་བ་ཅང་ཟད་འགྲོ་བཞིན་པའི་སྐབས་འདིར་ནང་ཆོས་ལ་དོ་སྣང་བྱེད་མཁན་ཡང་མང་པོ་ཡོད་པས། ནང་ཆོས་ཀྱི་བསླབ་པ་སློབ་གཉེར་ལ་སེམས་ཤུགས་བསྐྱེད་དེ་ཧུར་ཐག་བྱེད་དགོས་པའི་བཀའ་སློབ་གནང་ཡོད་པ་རེད། • རྒྱ་ནག་གི་དམར་ཤོག་འགོ་ཁྲིད་ཟུར་པ་ཅང་ཙེ་མིན་ལོ་ན་ ༩༦ ཐོག་འདས་གྲོངས་སུ་གྱུར་འདུག • དཔལ་སྔ་འགྱུར་རྙིང་མའི་བླ་ཆེན་རྟག་ལུང་རྩེ་སྤྲུལ་རིན་པོ་ཆེ་སྐུ་གོང་མའི་ཡང་སྲིད་མཆོག་སྤྲུལ་རྩད་འཚོལ་བྱུང་སྟེ་གདན་ས་ཐུབ་བསྟན་རྡོ་རྗེ་བྲག་དགོན་པར་གདན་ཞུ་གནང་ཡོད་པ།

དྲ་གནས་ཆ་ཚང༌།