དྲ་བརྙན།

བརྙན་འཕྲིན་གསར་འགྱུར། ༢༠༢༢།༠༦།༢༥

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་ཚོགས་སྒེར་ཁག་ཅིག་གིས་བརྟན་བཞུགས་བསྟར་འབུལ་ཞུ་སྐབས། ༧གང་ཉིད་ནས་དགུང་ལོ་བརྒྱ་ལྷག་འཚོ་བཞིན་བཞུགས་ཏེ་བསྟན་འགྲོའི་དོན་མཛད་ངེས་ཡིན་པའི་བཀའ་བཞེས་བཟང་པོ་ཐོབ་པ། ཨ་རིའི་རྒྱལ་ས་ཚོགས་པའི་འཛམ་གླིང་གྲོས་ཚོགས་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་ཆེན་ཐེངས་ ༨ པ་མཇུག་སྒྲིལ་དང་བསྟུན། རྒྱལ་ཁབ་འདྲ་མིན་ནས་བོད་དོན་འབྲེལ་བའི་གྲོས་ཆོད་དང་ཁྲིམས་ཡིག་གཏན་འབེབས་གནང་རྒྱུའི་ཐད་སྤྱི་བསྒྲགས་སྤེལ་བ། ཨ་རིའི་གྲོས་ཚོགས་ཀྱི་རྒྱ་ནག་ལས་དོན་ལྷན་ཚོགས་ཀྱི་ཉན་ཞིབ་སྐབས། ཚོགས་གཙོ་འཇེམསི་མེཀ་གྷཝརཎ་མཆོག་གིས་ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པ་དང་གྲོས་བསྡུར་གནང་སྟེ་བོད་དོན་ཁྲིམས་འཆར་ཕར་སྣོན་ཤིག་གི་ཐོག་ལ་ཤུགས་བསྐྱོན་རྒྱུ་ཡིན་པ་གསུངས་པ།

དྲ་གནས་ཆ་ཚང༌།