དྲ་བརྙན།

བོད་ཀྱི་བྱིས་པ་དང་གཏན་འཇགས་སློབ་གྲྭ།

ཐེངས་འདིའི་ང་ཚོའི་བརྙན་འཕྲིན་དང་། རླུང་འཕྲིན། ངོ་དེབ་དྲ་རྒྱ་དང་ཡུ་ཊུབ་བཅས་ཀྱི་ཐད་གཏོང་གི་ལས་རིམ་རྒྱང་བསྲིངས་ཞུས་ཚར། བོད་ནང་རྒྱ་ནག་གཞུང་གིས་ལོ་ན་ ༦ ནས་༡༨ བར་གྱི་བོད་ཀྱི་བྱིས་པ་རྣམས་གཏན་འཇགས་སློབ་གྲྭར་བཅུག་ནས་བོད་ཀྱི་རིག་གཞུང་དང་། གོམས་གཤིས། སྐད་ཡིག་བཅས་པ་རྒྱ་རིགས་ཀྱི་ཤན་འཇོག་ཐབས་བྱེད་བཞིན་པ་དེར་རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་ཆེན་པོ་བྱེད་བཞིན་ཡོད་ལ། རྒྱལ་ཚོགས་ཀྱི་སྙན་ཐོ་དང་། ཡོ་རོབ་མཐུན་ཚོགས་དང་ཨ་མི་རི་ཀ་བཅས་ཀྱིས་བསྒྲགས་གཏམ་ཁག་ནང་ཐུགས་འཚབ་ཡོད་པ་གསལ་སྟོན་གནང་བཞིན་ཡོད་པ་རེད། དེ་རིང་གི་གླེང་མོལ་གྱི་ལེ་ཚན་ནང་། ཨ་རིའི་ནང་རྟེན་གཞི་བྱེད་པའི་བོད་དོན་ལས་འགུལ་བསྟི་གནས་ཁང་གི་ཉམས་ཞིབ་པ་དང་། ཨ་རིའི་ Columbia སློབ་གྲྭ་ཆེན་མོའི་ནང་ཆབ་སྲིད་ཚན་རིག་སྐོར་འབུམ་རམས་པའི་སློབ་གཉེར་གནང་བཞིན་པ་བསྟན་འཛིན་རྡོ་རྗེ་ལགས་དང་། ཁེ་ན་ཌར་གནས་བཞུགས་བོད་དོན་ལས་འགུལ་བ་འཆི་མེད་ལྷ་མོ་ལགས་གཉིས་དང་ལྷན་དུ་

དྲ་གནས་ཆ་ཚང༌།