ཨུཛ་ར་ཛེ་ཡ། ཨ་རིའི་བོད་དོན་དམིགས་བསལ་འབྲེལ་མཐུད་པས་ལོ་་གསར་ལ་འཚམས་འདྲི། རྒྱ་ནག་གཞུང་དང་༧གོང་ས་༧ཏཱ་ལའི་བླ་མ་མཆོག་གམ་ཡང་ན་ཁོང་གི་སྐུ་ཚབ་བཅས་ཀྱི་དབར་སྔོན་འགྲོའི་ཆ་རྐྱེན་གང་ཡང་མེད་པར་ཐད་ཀར་ནུས་ལྡན་གྱི་གྲོས་མོལ་ཡོང་ཐབས་བྱེད་དེ་བོད་དོན་ཐོག་དོན་དམ་གྱི་་གྲོས་མཐུན་གྱི་ཐག་གཅོད་འགྲིག་འཇགས་ཡོང་ཐུབ་པ་ཞིག་བྱེད་རྒྱུར་སྐུལ་དེད་བྱ་རྒྱུ་ཡིན།ད་ལྟའི་ཨ་རིའི་གཞུང་འཛིན་འདིའི་ངོས་ནས་འཛིན་སྐྱོང་གི་འགན་འཁུར་བཞེས་པའི་ཉིན་དང་པོ་རང་ནས་འགྲོ་བ་མིའི་ཐོབ་ཐང་སྲུང་སྐྱོབ་ཀྱི་ཐད་ནུས་ཤུགས་འདོན་འགོ་བཙུགས་ཤིང་། རྒྱ་ནག་གིས་ཤིན་ཅང་དང་བོད་ནང་གི་འགྲོ་བ་མིའི་ཐོབ་ཐང་བརྡལ་བཤིག་གཏོང་བཞིན་པ་དང་། ཧོང་ཀོང་ནང་དམངས་གཙོ་གཏོར་བཤིག་གཏོང་མཁན་ཚོར་འགན་དཀྲི་བཀུར་རྒྱུའི་ཐོག་ཤུགས་བསྐྱོན་རྒྱུ་ཡིན།ཨ་རིའི་ནང་རྒྱ་ནག་གི་དཔོན་རིགས་དང་ལས་བྱེད། རྒྱ་མི་རིགས་འགྲོ་འོང་བྱེད་བཞིན་ཡོད་པ་ལྟར། བོད་རང་སྐྱོང་ལྗོངས་དང་ བོད་མིའི་ས་ཁུལ་ཁག་ནང་ཨ་རིའི་གཞུང་གི་དཔོན་རིགས་དང་། ལས་བྱེད། གསར་འགོད་པ། ཡུལ་བསྐོར་སྤྲོ་འཆམ་པ་སོགས་ལ་འགོག་རྐྱེན་གང་ཡང་མེད་པར་རྒྱ་ནག་གཞུང་གིས་འགྲོ་འོང་བྱེད་བཅུག་དགོས་ཤིང་། དེ་བརྒྱུད་བོད་མིའི་འཚོ་བའི་གནས་བབས་དང་། རིག་གཞུང་དང་གོམས་སྲོལ་བརྒྱུད་འཛིན་གང་འདྲ་བྱེད་འཇུག་མིན་གྱི་གནས་སྟངས་སོགས་འགོག་རྐྱེན་དང་དམ་དྲག་གང་ཡང་མེད་པར་དངོས་སུ་བལྟ་རུ་འཇུག་དགོས་ཀྱི་རེད།འདས་ལོར་ཕྱི་བལྟ་བྱེད་སྐབས། འཛམ་གླིང་ཁྱོན་ནས་བོད་མི་བཙན་བྱོལ་བ་རྣམས་ཀྱིས་ཧུར་ཐག་ངང་འོས་བསྡུའི་ལས་རིམ་ནང་ཞུགས་སྟེ། སྲིད་སྐྱོང་སྐབས་གཉིས་པ་གཙོས་བོད་མིའི་མང་གཙོའི་སྒྲིག་འཛུགས་ཀྱི་འགོ་ཁྲིད་རྣམས་འོས་འདེམས་ བྱས་ཡོད་ཅིང་། ལྷག་པར་བཀའ་ཤག་ནང་བེུད་བཀའ་བློན་གསུམ་ཕེབས་པ་ནི་སྲུང་བརྩི་དང་རྗེས་དྲན་བྱེད་འོས་པའི་དམིགས་བསལ་གནས་ལུགས་ཤིག་ཡིན་པ་རེད།