དྲ་བརྙན།

ཞི་ཅིན་ཕིང་བོད་ནང་ལྟ་སྐོར།

རྒྱ་ནག་གི་སྲིད་འཛིན་ཞི་ཅིན་ཕིང་ཕྱི་ཟླ་ ༧ ཚེས་ ༢༡ ནས་ཉིན་གསུམ་རིང་ཀོང་པོ་དང་རྒྱལ་ས་ལྷ་ས་བཅས་སུ་ལྟ་སྐོར་ལ་འབྱོར་བ་ནི། བོད་ཞི་བའི་བཅིངས་གྲོལ་བཏང་བ་ཟེར་བའི་ལོ་ ༧༠ འཁོར་བའི་དུས་དྲན་སླད་འབྱོར་བ་ཞིག་ཡིན་པ་ཞི་ཅིན་ཕིང་གིས་བརྗོད་ཡོད་ཀྱང་། གནད་དོན་དབྱེ་ཞིབ་པ་ཚོས་བོད་ནང་འབྱོར་དུས་ཀྱི་ཟླ་དུས་ཚེ་གྲངས་དང་། ཀོང་པོར་དང་པོ་འབྱོར་བའི་རྒྱབ་ལྗོངས་བཅས་ལ་གཞིགས་སྐབས། རྒྱ་ནག་དམར་ཤོག་གི་དབང་འཛིན་དང་ལྟ་བ་བཅས་པ་བོད་ནང་སྲ་བརྟན་བཟོ་རྒྱུ་དང་། རྒྱ་གར་དང་ས་མཚམས་ཉེ་སར་འཛུགས་སྐྲུན་ལས་གཞི་རྒྱ་སྐྱེད་བཏང་བ་ཁག་ལ་རྟོགས་ཞིབ་སླད་འབྱོར་བ་ཡིན་པ་ངོས་འཛིན་བྱེད་བཞིན་ཡོད་པ་རེད། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་བོད་རྒྱའི་གནད་དོན་དབྱེ་ཞིབ་པ་ཀུན་དགའ་བཀྲིས་ལགས་དང་། བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་ཕན་ཐོགས་ལགས་བཅས་དང་ལྷན་དུ་གླེང་མོལ་གནང་བར་གཟིགས་རོགས་གནོངས། Chinese President Xi Jinping made an unannounced visit to Tibet Host: Tashi Wangchuk Producer: Yeshi Tashi

དྲ་གནས་ཆ་ཚང༌།