དྲ་བརྙན།

བརྙན་འཕྲིན། ༢༠༢༠།༥།༢༡

2020-05-21

༡༽ ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་ཡིད་ཆེས་དགེ་རྩས་ཀངྒ་ར་རྫོང་གི་ཉེན་རྟོག་པར་ཏོག་དབྱིབས་རིམས་ནད་སྔོན་འགོག་གི་འཕྲོད་བསྟེན་ཡོ་བྱད་ཞལ་འདེབས་གནང་བར་ས་གནས་དཔོན་རིགས་ཀྱིས་དགའ་བསུ་ཞུས་འདུག ༢༽རྒྱ་ནག་གཞུང་གིས་པན་ཆེན་དགེ་འདུན་ཆོས་ཀྱི་ཉི་མ་རིན་པོ་ཆེ་ཕྱག་ལས་གནང་བཞིན་ཡོད་པ་རྒྱ་ནག་གཞུང་གིས་ལན་འདེབས་བྱས་པར་བོད་དོན་རྒྱབ་སྐྱོར་བ་ཚོས་པན་ཆེན་རིན་པོ་ཆེའི་སྐུ་ངོ་མར་གསལ་བསྒྲགས་དེ་ལྟར་གནང་འཇུག་དགོས་པའི་དགོན་འདུན་བཏོན་བཞིན་པ། ༣༽ ཐེ་ཝན་སྲིད་འཛིན་གྱིས་རྒྱ་ནག་གཅིག་ཟེར་བར་མོས་མཐུན་མེད་པ་གསུངས་ཤིང་། ཨ་རིའི་གཞུང་གིས་ཐེ་ཝན་སྲིད་འཛིན་ལ་གཞུང་འབྲེལ་འཚམས་འདྲི་གནང་འདུག

མཆན། (0)
Share

ཉེ་སྔོན་བརྙན་འཕྲིན་

མང་ཤོས་གཟིགས་པ་

དྲ་གནས་ཆ་ཚང༌།