དྲ་བརྙན།

རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན།

རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་དང་། ཆབ་སྲིད་གྲོས་ཚོགས་ཀྱི་ཚོགས་འདུ་གཉིས་འཚོགས་ལ་ཉེ་བའི་སྐབས་འདིར། ཚོགས་ཆེན་གཉིས་ཀྱི་གནད་འགག་དང་། དེས་རྐྱེན་གྱིས་བོད་ནང་དུ་འགྱུར་འགྲོས་གང་ཞིག་ཡོང་སྲིད་མིན། རྒྱལ་སྤྱིའི་སྤྱི་ཚོགས་ཀྱིས་དོ་སྣང་། བོད་ཀྱི་འཐུས་མིའི་གྲུབ་ཆ་བཀོད་སྟངས་སོགས་ཀྱི་ཐད་དོ་སྣང་བྱེད་གཞིར་གྱུར་ཡོད་པ་རེད། ཐེངས་འདིའི་གླེང་མོལ་གྱི་ལས་རིམ་ནང་། བོད་གནས་ཉམས་ཞིབ་པ་ཀུན་དགའ་བཀྲ་ཤིས་ལགས་དང་། སངས་རྒྱས་སྐྱབས་ལགས་གཉིས་དང་མཉམ་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་བོད་སྐད་སྡེ་ཚན་གྱི་འགན་འཛིན་གཞོན་པ་དཔལ་ལྡན་རྒྱལ་ལགས་གྱིས་གླེང་མོལ་ཞུས་པར་གཟིགས་རོགས་གནང་།

དྲ་གནས་ཆ་ཚང༌།