དྲ་བརྙན།

བརྙན་འཕྲིན་གསར་འགྱུར། ༢༠༢༢།༠༡།༡༣

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་གྱི་བརྙན་འཕྲིན། ༢༠༢༢།༠༡།༡༣ ཐེངས་འདིའི་བརྙན་འཕྲིན་ནང་། ཁམས་བྲག་མགོ་རྫོང་གི་གནས་ནང་དགོན་པའི་གྲྭ་བསྟན་འཛིན་ནོར་བུ་དང་སྤུན་ཆུང་དབང་ཆེན་ཉི་མ་གཉིས་འཛིན་བཟུང་བཀག་ཉར་བྱས་ནས་ཟླ་བ་ལྔ་སོང་ཡང་ད་དུང་ཡང་རྒྱུ་མཚན་གསལ་བཤད་གང་ཡང་མ་བྱས་པར་བཙོན་འཇུག་བྱེད་མུས་རེད་འདུག རྒྱ་ནག་གཞུང་གིས་བོད་ནང་སློབ་གྲྭའི་དགུན་ཁའི་གུང་གསེང་རིང་བསམ་བློ་སྦྱོང་བརྡར་སོགས་ཀྱི་མིང་ཐོག་ནས་ཟབ་སྦྱོང་སློབ་ཁྲིད་བྱེད་མི་ཆོག་པའི་བཀོད་རྒྱ་བཏང་པ་དེ་ནི་རྒྱ་ནག་དམར་ཤོག་ཚོགས་པའི་ལྟ་བ་དང་མི་མཐུན་པའི་སློབ་གསོ་འགོག་ཐབས་ཆེད་ཡིན་པ་གནད་དོན་དབྱེ་ཞིབ་པ་ཚོས་ངོས་འཛིན་བྱེད་བཞིན་པ། འཛམ་གླིང་ཁྱོན་ཡོངས་ཀྱི་ནང་ཏོག་དབྱིབས་རིམ་ནད་ཀྱི་རླབས་གསུམ་པ་ཁྱབ་བཞིན་པ་ལྟར་ རྡ་རམ་ས་ལའི་ཁུལ་ཏོག་དབྱིབས་ནད་དུག་ཕོག་མཁན་ཇེ་མང་དུ་འགྲོ་བཞིན་ཡོད་པ་སོགས་དང་གླེང་མོལ་གྱི་ལེ་ཚན་བཅས་ཡོད། RFA Tibetan TV – January 13, 2022 Anchor: Kalden Lodoe Producer: Nordhey Dolma

དྲ་གནས་ཆ་ཚང༌།