དྲ་བརྙན།

བོད་མི་རྣམས་སྤྱི་ཚོགས་ཀྱི་གྲལ་མཐར་ལྷུང་བཞིན་པ།

བོད་ནང་འཛུགས་བསྐྲུན་ཤུགས་ཆེ་སྤེལ་ཡང་བོད་ཀྱི་སྲོལ་རྒྱུན་གྲོང་ཁྱེར་གྱི་རྣམ་པ་མེད་པར་གྱུར་བ་དང་དབུལ་ཕྱུག་གི་ཧེ་བག་ཇེ་ཆེར་སོང་ནས་བོད་མི་རྣམས་སྤྱི་ཚོགས་ཀྱི་གྲལ་མཐར་ལྷུང་བཞིན་ཡོད་པ། ཉེ་ཆར་རྒྱ་ནག་གཞུང་གིས་གོ་སྒྲིག་འོག་ཕྱི་རྒྱལ་གྱི་གསར་འགོད་པ་ཁག་གཅིག་རྒྱལ་ས་ལྷ་ས་སོགས་བོད་ནང་ལྟ་སྐོར་དུ་ཁྲིད་པའི་ཁོངས་ནས་ཧྥ་རན་སིའི་གསར་སྤེལ་ཁང་གིས་གནས་ཚུལ་སྤེལ་ཡོད་པ་ལྟར། བོད་ནས་བལ་ཡུལ་བརྒྱུད་ཉེ་ལམ་རྒྱ་གར་དུ་འབྱོར་བའི་བོད་མི་ཚེ་རིང་ཟླ་བ་ལགས་དང་། ༧གོང་ས་ཏཱ་ལའི་བླ་མའི་མཐོ་རིམ་སློབ་གྲྭའི་ལོ་རྒྱུས་སློབ་དཔོན་གཉན་ཐར་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་གཟིགས་རོགས་ཞུ། China claims that a huge infrastructure and building drive in Tibet improves the living standards of Tibetans whereas the local Tibetans say that the building boom pushes property prices out of reach of many residents, sharpening divisions in a region well-known for discontent under Chinese control. RFA Tibetan invites Tsering Dawa, a recent arrival from Tibet, and a historian, Nyenthar to discuss on the issues. Host: Tashi Wangchuk Producer: Yeshi Tashi

དྲ་གནས་ཆ་ཚང༌།