དྲ་བརྙན།

༧གོང་ས་མཆོག་ནས་རྒྱ་གར་གྱི་སྲིད་བློན་དང་དཔོན་རིགས་ཁག་དང་མཇལ་འཕྲད་ཞུ་འཆར།

༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱ་གར་གྱི་སྲིད་བློན་ན་རེན་དྷརཱ་མོ་དྷི་དབུས་པའི་རྒྱ་གར་གྱི་དཔོན་རིགས་ཁག་ཅིག་དང་མཇལ་འཕྲད་ཞུ་འཆར་ཡོད་པའི་གནད་དོན་དང་། ལྷག་པར་དུ་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གི་༧སྐུའི་འཁྲུངས་སྐར་ལ་འཚམས་འདྲིའི་ཞལ་པར་ཕུལ་བ་རྒྱ་གར་གྱི་སྲིད་བློན་མཆོག་ནས་ཡོངས་ཁྱབ་གསལ་བསྒྲགས་གནང་སྟངས་དེ་དག་བལྟས་ན་རྒྱ་གར་གཞུང་གིས་བོད་ཐོག་འཛིན་པའི་སྲིད་ཇུས་ཀྱི་ཁ་ཕྱོགས་གསར་པ་ཞིག་ལ་བསྐྱོད་རྒྱུའི་བརྡ་ལེན་སྤྲོད་ཀྱི་ཡོད་མེད་སྐོར། བོད་ཀྱི་སྲིད་ཇུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་དང་འབུམ་རམས་པ་ཚེ་དབང་རྡོ་རྗེ་ལགས་དང་།ཨ་རིའི་ཁོ་ལོམ་བྷི་ཡ་གཙུག་ལག་སློབ་ཆེན་གྱི་སྤྱི་ཚོགས་ཆབ་སྲིད་ཐོག་འབུམ་རམས་པའི་སློབ་གཉེར་གནང་བཞིན་པ་ཚེ་དབང་རིག་འཛིན་ལགས་རྣམ་པ་གཉིས་དང་རྩོམ་སྒྲིགས་འགན་འཛིན་རྡོ་རྗེ་དགྲ་ལགས་ཀྱིས་བཅའ་འདྲི་གནང་བ་གཟིགས་རོགས་ཞུ། Legmol Intro: India PM Modi made it known to the entire world that he extended greetings to HH Dalai Lama on his 86th birthday, and there is also a planned up come meeting between the two leaders in Delhi. Is this overtures to HH from the Indian leader a game changing that signal a policy shift on Tibet issues? And what does this says about the Sino-Indian relationship. Tsewang Dorji, research fellow at Tibet Policy Institute, and Tsewang Rinzin Phd candidate at Columbia university unpacks the complexity of the situation.

དྲ་གནས་ཆ་ཚང༌།