དྲ་བརྙན།

བརྙན་འཕྲིན་གསར་འགྱུར། ༢༠༢༡།༠༩།༠༩།

• ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་ཆེད་ནད་པ་ཚོས་སྨན་པ་དང་སྨན་ཞབས་པ་ཚོའི་བསླབ་བྱ་ལྟར་དོ་ནན་བྱེད་དགོས་པའི་བཀའ་སློབ་ཕེབས་པ། • སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་སོ་ལན་དང་སིམ་ལ་བཅས་སུ་ཆེད་ཕེབས་ཀྱིས། ཞྭ་དཀར་བསྟན་པའི་གཙུག་རྒྱན་གཡུང་དྲུང་བོན་གྱི་སྨན་རི་ཁྲི་འཛིན་ ༤༤ པ་མཆོག་ལ་མཇལ་བཅར་ཞུས་འདུག • རྫ་དབོན་པོ་ཁུལ་དུ་བོད་ཀྱི་སྐད་ཡིག་སྲུང་སྐྱོབ་བྱེད་མཁན་དང་འབྲེལ་བ་ཡོད་པའི་བོད་མི་བརྒྱད་འཛིན་བཟུང་བྱས་འདུག་ཅིང་། ཉེ་བའི་འཆར་ས་གནས་དེ་ནས་བོད་མི་དྲུག་བཅུ་ལྷག་འཛིན་བཟུང་དོ་དམ་བྱས་ཡོད་པ་རེད། • དེ་རིང་གི་གསར་འགྱུར་ལས་རིམ་མཇུག་ཏུ་སྲིད་སྐྱོང་སྤེན་པ་ཚེ་རིང་ལགས་ཀྱིས་སྲིད་སྐྱོང་གི་མཛད་འཁུར་བཞེས་ནས་ཉིན་གྲངས་འཁོར་བ་དང་བསྟུན་དམིགས་བསལ་བཅར་འདྲིའི་ལས་རིམ་ཞིག་རྒྱང་སྲིངས་ཞུ་རྒྱུ་ཡོད།

དྲ་གནས་ཆ་ཚང༌།