དྲ་བརྙན།

བོད་དོན་ཞུ་སྐུལ།

སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་སྐུ་ཚབ་ཚོགས་ཆུང་ཞིག་གིས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཕྱི་ཟླ་ ༡༢ ཚེས་ ༡༣ ནས་དེ་རིང་ཚེས་ ༢༣ བར་རྒྱ་གར་གྲོས་ཚོགས་གོང་འོག་གཉིས་ཀྱི་འཐུས་མི་ ༣༠ ལྷག་དང་ལྡི་ལིར་ཡོད་པའི་ཕྱི་རྒྱལ་གྱི་གཞུང་ཚབ་ཁང་ཁག་འགའ་ཤས་ཀྱི་གནད་ཡོད་མི་སྣ་དང་མཇལ་འཕྲད་ཀྱིས་བོད་དོན་ཞུ་སྐུལ་གནང་ཡོད་། ཐེངས་འདིའི་གླེང་མོལ་གྱི་ལས་རིམ་ནང་། སྤྱི་འཐུས་སྐུ་ཚབ་ཚོགས་ཆུང་གིས་ཞུ་སྐུལ་བ་ཁག་ཅིག་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་གླེང་མོལ་ཞུས་པ་ཞིག་གསན་གཟིགས་གནང་རོགས་ཞུ།

དྲ་གནས་ཆ་ཚང༌།