དྲ་བརྙན།

བརྙན་འཕྲིན་གསར་འགྱུར། ༢༠༢༣།༠༣།༢༣

• ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས། ཐའེ་ལནཌི་དང་རྒྱ་གར་གྱི་དགེ་འདུན་པ་ཁག་ཅིག་ལ་དམིགས་བསལ་མཇལ་ཁ་བསྩལ་གནང་མཛད་སྐབས། སླར་ཡང་གནས་མཆོག་རྡོ་རྗེ་གདན་དུ་མཇལ་འཛོམས་ཡོང་བའི་ཐུགས་རེ་ཡོད་པ་བཀའ་གནང་འདུག • ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་དང་ཁྲིམས་ཞིབ་པ་གཞན་བཅས་བསྐོ་བཞག་གི་འོས་ཆོས་ཆ་རྐྱེན་ཁག་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་ཞིག་སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་གྲོས་ཚོགས་སུ་སྙན་སྒྲོན་གནང་ཞིང་། མང་མོས་ཐོག་ནས་ཁྲིམས་འཆར་དུ་ཚུད་ཡོད་འདུག • ཨ་རིའི་འགྲོ་བ་མིའི་ཐོབ་ཐང་གི་ལོ་འཁོར་སྙན་ཐོའི་ནང་བོད་ནང་རྒྱ་ནག་གཞུང་གིས་དམ་དྲག་བྱེད་པའི་སྲིད་བྱུས་དང་གནས་སྟངས་གསལ་པོ་བཀོད་འདུག་ཅིང་། སྒོ་ཤེས་རབ་རྒྱ་མཚོ་ལགས་དང་། རྡོ་རྗེ་བཀྲིས་ལགས། པ་སངས་ནོར་བུ་ལགས་བཅས་ཆབ་སྲིད་བཙོན་པ་གྲགས་ཅན་གྱི་མིང་ཐོའི་ནང་བཀོད་འདུག

དྲ་གནས་ཆ་ཚང༌།