དྲ་བརྙན།

བརྙན་འཕྲིན་གསར་འགྱུར། ༢༠༢༡།༡༠།༣༠།

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་གྱི་བརྙན་འཕྲིན། ༢༠༢༡།༡༠།༣༠ ཐེངས་འདིའི་བརྙན་འཕྲིན་ནང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་རྒྱལ་སྤྱིའི་ཁོར་ཡུག་ལྷན་ཚོགས་ ༢༦ ཐོག་གསུང་འཕྲིན་བསྩལ་བའི་ནང་། ཁོར་ཡུག་གཏོར་སྐྱོན་གྱིས་གོད་ཆག་ལས་བསླབ་བྱ་བླངས་ཏེ་མ་འོངས་པའི་ཁ་ཕྱོགས་ལ་འགྱུར་བ་གཏོང་དགོས་པའི་བཀའ་སློབ་བསྩལ་འདུག སྲིད་སྐྱོང་མཆོག་གིས་འཛམ་གླིང་སྟོབས་ཆེན་རྒྱལ་ཁབ་ ༢༠ ཡིས་རྒྱ་ནག་གཞུང་གི་སྡུག་རྩུབ་འོག་ཡོད་པའི་བོད་དང་ཡུ་གུར་སོགས་ཀྱི་མི་རིགས་ཐོག་ལ་རྒྱབ་སྐྱོར་དགོས་པའི་འབོད་སྐུལ་གནང་པ། རྒྱ་ནག་རྒྱལ་ཡོངས་མི་མང་འཐུས་མི་ཚོགས་ཆེན་གྱིས་རྒྱལ་མཚམས་སྲུང་སྐྱོབ་དང་འབྲེལ་བའི་ཁྲིམས་ཡིག་དོན་ཚན་ ༦༢ ཡོད་པ་གཏན་འབེབས་བྱས་པ་འདི་རྒྱ་སྐྱེད་རིང་ལུགས་ཤུགས་ཆེར་སྤེལ་བའི་བྱ་ཐབས་ཡིན་པར་ངོས་འཛིན་བྱེད་བཞིན་པ་སོགས་དང་གླེང་མོལ་གྱི་ལེ་ཚན་བཅས་ཡོད། RFA Tibetan TV – October 30, 2021 Anchor: Tashi Wangchuk Producer: Passang Dhonden

དྲ་གནས་ཆ་ཚང༌།