དྲ་བརྙན།

བརྙན་འཕྲིན་གསར་འགྱུར། ༢༠༢༣།༠༡།༡༢

• Circa སྒྱུ་རྩལ་ལྟེ་གནས་ཁང་གིས་ འཛམ་གླིང་ཡུལ་གྲུ་འདྲ་མིན་གྱི་གྲོང་ཁྱེར་ཆེ་ཁག་ནང་ Art of Hope རེ་བའི་སྒྱུ་རྩལ་ཞེས་པའི་གློག་བརྙན་ཞིག་གཟིགས་འབུལ་བྱེད་བཞིན་པ་དེའི་ནང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་འགྲོ་བ་མི་ཚང་བདེ་བ་འདོད་པ་གཅིག་འགྱུར་ཡིན་པའི་ཆ་ནས་མི་གཅིག་འགྱུར་གྱི་འདུ་ཤེས་འདི་མུ་མཐུད་བཟུང་དགོས་པའི་བཀའ་སློབ་སོགས་ཆེད་འཇུག་ཞུས་འདུག • མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་རྟོག་ཞིབ་ཚོགས་ཆུང་བཞིའི་སྐུ་ཚབ་ཀྱིས་བོད་ནང་བཅའ་སྡོད་སློབ་གྲྭ་བཙུགས་ནས་རྒྱ་ནག་གཞུང་གིས་མི་རིགས་མཉམ་བསྲེས་ཀྱི་སྲིད་བྱུས་བཟུང་བཞིན་པའི་ཐད་ཐུགས་འཚབ་ཧ་ཅང་ཆེན་པོ་ཡོད་པ་བརྗོད་ཡོད་པ་རེད། • བོད་རང་སྐྱོང་ལྗོངས་དམར་ཤོག་ཚོགས་པའི་འགོ་ཁྲིད་ ཝང་ཀྲུན་ཀྲང་བསྐོ་བཞག་བྱས་པ་ནས་བཟུང་བོད་པའི་དཔོན་རིགས་ཉུང་དུ་གཏོང་བཞིན་ཡོད་འདུག

དྲ་གནས་ཆ་ཚང༌།