དྲ་བརྙན།

ཁྲིམས་སྒྲིག་ཐོག་དཀའ་ངལ་ལ་གདོང་ལེན།

གླེང་མོལ། སྐབས་ ༡༧ བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་དམ་འབུལ་དཀའ་རྙོག་ཡོངས་སུ་སེལ་ནས་སྤྱི་འཐུས་ལྷན་ཚོགས་ཀྱི་གྲུབ་ཆ་ཚང་བའི་ཐོག་ནས་ཚོགས་གཙོ་བགྲེས་གཞོན་འོས་འདེམས་དང་དམ་འབུལ་བསྒྲུབས་ཤིང་། ད་ལྟ་བོད་མིའི་སྒྲིག་འཛུགས་ཀྱི་མང་གཙོའི་ཀ་བ་གསུམ་ཀྱི་ཆ་ལག་ཡོངས་སུ་ཚང་བའི་དུས་སྐབས་འདིར། འདས་པའི་དམ་འབུལ་བྱེད་ཕྱོགས་ཀྱི་དཀའ་གནད་ཁག་ལས་བསླབ་བྱ་བླང་སྟེ་མ་འོངས་དཀའ་ངལ་འདི་རིགས་མི་འབྱུང་སླད་ཁྲིམས་བཟོའི་ཐོག་ནས་གདོང་ལེན་གནང་ཕྱོགས་ཐད་སྤྱི་འཐུས་གསར་པ་གཞོན་སྐྱེས་ཁག་གསུམ་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་གཟིགས་གནང་རོགས་ཞུ།

དྲ་གནས་ཆ་ཚང༌།