དྲ་བརྙན།

བརྙན་འཕྲིན་གསར་འགྱུར། ༢༠༢༢།༠༩།༡༥

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་གྱི་བརྙན་འཕྲིན། ༢༠༢༢།༠༩།༡༥ ཐེངས་འདིའི་བརྙན་འཕྲིན་ནང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་ལྷོ་ཤར་ཨེ་ཤེ་ཡའི་དད་ལྡན་པ་ཚོར་འཇུག་པ་རང་འགྲེལ་གྱི་སྒོ་ནས་བཀའ་ཆོས་དབུ་འཛུགས་མཛད་ཅིང་། ཝིཡེཏ་ནམ་དད་ལྡན་པ་ཚོར་ནང་ཆོས་ལ་སློབ་སྦྱོང་བྱེད་རྒྱུ་གལ་ཆེ་ཡིན་པའི་བཀའ་སློབ་ཕེབས་ཡོད་པ་རེད། སྐབས་ ༡༧ པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བཞི་པའི་ཐོག་ཆེས་མཐོའི་ཁྲིམས་ཞིབ་ཁང་དང་འབྲེལ་བའི་ཁྲིམས་འཆར་འཕར་འགྱངས་ཐོག་ནས་གྲོས་ཚོགས་མུ་མཐུད་ཚོགས་ཐུབ་འདུག ཨའོས་ཊརེ་ལི་ཡའི་སྲིད་བློན་གཞོན་པ་ལས་ཟུར་ Michael McCormack ལགས་ཀྱིས་བོད་མིའི་དགོས་འདུན་ཁག་ལ་རྒྱབ་སྐྱོར་གནང་པ་དང་སྦྲགས། ཡུལ་དེའི་གྲོས་ཚོགས་ཀྱི་འཐུས་མིའི་བོད་དོན་རྒྱབ་སྐྱོར་ཚོགས་པའི་ནང་འཛུལ་ཞུགས་གནང་རྒྱུའི་ཁས་ལེན་གནང་འདུག་པ་སོགས་དང་གླེང་མོལ་གྱི་ལེ་ཚན་བཅས་ཡོད། RFA Tibetan TV – September 15, 2022 Anchor: Kalden Lodoe Producer: Nordhey Dolma

དྲ་གནས་ཆ་ཚང༌།