དྲ་བརྙན།

བརྙན་འཕྲིན་གསར་འགྱུར། ༢༠༢༢།༡༡།༠༨

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་གྱི་བརྙན་འཕྲིན། ༢༠༢༢།༡༡།༠༨ ཐེངས་འདིའི་བརྙན་འཕྲིན་ནང་། ༸གོང་ས་མཆོག་གིས། འགྲོ་བ་མིའི་བདེ་རྩར་ཕན་པའི་བོད་ཀྱི་ནང་ཆོས་མི་ཉམས་རྒྱུན་འཛིན་དགོས་གལ་ཆེ་ཞེས་དཔལ་ལྡན་རྒྱུད་སྟོད་གྲྭ་ཚང་དུ་ཆོས་ཐོག་འགྲིམ་བཞིན་པའི་དགེ་བཤེས་ཚོར་བཀའ་སློབ་སྩལ་བ། རྔ་བ་ཀིརྟི་དགོན་གྱི་དགེ་འདུན་པ་རྭ་ཆུང་དགེ་འདུན་ལགས་སུ་ལོ་གསུམ་གྱི་བཙོན་འཇུག་ཁྲིམས་ཐག་བཅད་ཡོད་པ། སྲིད་སྐྱོང་སྤེན་པ་ཚེ་རིང་མཆོག་གིས་རྒྱ་གར་ས་གནས་ཀྱི་ཡུལ་མི་དང་ལྷན་འཆམ་མཐུན་དགོས་པ་གལ་ཆེན་སྐོར་རྒྱ་གར་བྱང་ཤར་ཁུལ་དུ་འཚམས་གཟིགས་ཕེབས་པའི་སྐབས་སུ་གསུངས་བ་སོགས་དང་གླེང་མོལ་གྱི་ལེ་ཚན་བཅས་ཡོད། RFA Tibetan TV – November 8, 2022 Anchor: Dorjee Damdul Producer: Passang Dhonden

རྩ་ཚིག་
རྡོ་རྗེ་དགྲ་འདུལ གསར་འགྱུར dorjee damdul

དྲ་གནས་ཆ་ཚང༌།