ཨེན་ཐོ་ནི་སྦིལན་ཀེན། ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་ནས་གནམ་ལོ་གསར་ཚེས་ལ་འཚམས་འདྲི། ཨ་མི་རི་ཀའི་ཚབ་ཞུས་ཏེ། བོད་པའི་ལོ་གསར་སྲུང་བརྩི་ཞུ་མཁན་ཡོངས་ལ་ངས་འཚམས་འདྲི་ཞུ་གི་ཡོད། ཨ་རིའི་ནང་ཡོད་པའི་བོད་མིའི་སྤྱི་ཚོགས་དང་ཧི་མ་ལ་ཡའི་རི་བརྒྱུད། འཛམ་གླིང་ནང་གི་བོད་མི་ཚོས་གདོང་ལེན་གྱི་ནུས་པར་ཆེ་མཐོང་ཞུ་གི་ཡོད། བོད་མི་ཚོས་རྒྱལ་རབས་ལོ་རྒྱུས་ལྡན་པའི་ཆོས་དང་། རིག་གཞུང་། སྐད་ཡིག་གི་དཔལ་ཡོན་བདག་གཅེས་བྱེད་རྒྱུའི་ལས་དོན་སྒྲུབ་བཞིན་པར་ང་ཚོས་རྒྱབ་སྐྱོར་ཞུ་གི་ཡོད། བོད་མི་ཚོར་འགྲོ་བ་མི་གཞན་ལྟར་སོ་སོའི་རིག་གཞུང་གཅེས་འཛིན་དང་སྲུང་བརྩི་བྱེད་རྒྱུ་དང་། མི་རབས་རྗེས་མར་རིག་གཞུང་བརྒྱུད་སྤྲོད་བྱེད་པའི་ཐོབ་ཐང་ཆ་ཚང་ཡོད་དགོས་ལ། བོད་མི་ཚོས་རང་གི་སྐད་ཡིག་རིག་གཞུང་སློབ་སྦྱོང་བྱེད་རྒྱུ་དང་། སོ་སོའི་ཆོས་ཕྱོགས་ཀྱི་དབུ་ཁྲིད་འདེམས་སྒྲུག་ཞུ་རྒྱུ། ལོ་གསར་དང་འདྲ་བའི་སྲོལ་རྒྱུན་གྱི་གོམས་སྲོལ་རྣམས་སྲུང་བརྩི་ཞུ་རྒྱུའི་བདག་དབང་ཡོད་དགོས་པ་རེད།