དྲ་བརྙན།

བརྙན་འཕྲིན་གསར་འགྱུར། ༢༠༢༢།༠༧།༡༩

ཨེ་ཤེ་ཡ་རང་དབང་རླུང་འཕྲིན་གྱི་བརྙན་འཕྲིན། ༢༠༢༢།༠༧།༡༩ ཐེངས་འདིའི་བརྙན་འཕྲིན་ནང་། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ནས་ལ་དྭགས་སུ་ཕྱི་ཟླ་་༧ ཚེས་ ༢༨ནས་༣༠ བར་ཉིན་གྲངས་གསུམ་རིང་ཆོས་འབྲེལ་གསུང་ཆོས་སྩོལ་གནང་མཛད་རྒྱུ་རེད། འདི་ལོའི་མདོ་ཁམས་འཇང་དགུན་ཆོས་ཆེན་མོ་དེ་བཞིན་ཕྱི་ཚེས་༡༧ཉིན་ནས་བཟུང་རྫ་སེར་ཤུལ་རྫོང་རྫ་སྨད་དབོན་པོ་དགོན་དུ་ཚོགས་བཞིན་པ། བོད་ཀྱི་གཞུང་འབྲེལ་མིན་པའི་ཚོགས་སྡེ་ཁག་ནས་བོད་ནང་དྲང་བདེན་མེད་པའི་ཁར། སྡུག་སྦྱོང་མནར་གཅོད་བཏང་དང་གཏོང་བཞིན་པ་རྣམས་མྱུར་དུ་མཚམས་འཇོག་དགོས་པའི་ལས་འགུལ་སྤེལ་བ་སོགས་དང་གླེང་མོལ་གྱི་ལེ་ཚན་བཅས་ཡོད། RFA Tibetan TV – July 19, 2022 Anchor: Chakmo Tso Producer: Passang Dhonden

དྲ་གནས་ཆ་ཚང༌།