1) ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་ལ་བོད་གཞིས་བྱེས་ལྷ་མི་ཡོངས་ཀྱི་ཚབ་ཞུས་ཏེ་བོད་མིའི་སྒྲིག་འཛུགས་ཀྱིས་བརྟན་བཞུགས་བསྟར་འབུལ་ཞུས་ཤིང་། ༧གོང་ས་༧སྐྱབས་མགོན་ཆེན་པོ་མཆོག་གིས་༧སྐུ་ཚེ་ཡུན་རིང་བཞུགས་རྒྱུའི་བཀའ་བཞེས་ཐོབ་འདུག 2) སྐབས་བཅུ་བདུན་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་ ༥ པ་དབུ་འཛུགས་གནང་ཞིང་། ད་རེས་ཚོགས་དུས་འདིར་སྔོན་རྩིས་གཏན་འབེབས་གནང་རྒྱུ་དང་། ཆེས་མཐོའི་ཁྲིམས་ཞིབ་ཁང་གི་ཁྲིམས་ཞིབ་པ་ཆེ་བ་བསྐོ་གཞག་དང་འབྲེལ་བའི་བཅའ་ཁྲིམས་བསྐྱར་བཅོས་ཀྱི་ཁྲིམས་འཆར་བསྣམས་ཕེབས་རྒྱུ་ཡིན་འདུག 3) དཔལ་ས་སྐྱ་ཁྲི་འཛིན་ ༤༣ པ་འཁོན་གདུང་ཛྙ་ན་བཛྲ་རིན་པོ་ཆེ་མཆོག་གིས་ཕྱི་དངོས་པོའི་ཡར་རྒྱས་དང་མཉམ་ནང་སེམས་ལ་ཡར་རྒྱས་བཏང་དགོས་རྒྱུ་གལ་ཆེན་པོ་ཡིན་པ་ལམ་སྟོན་གནང་འདུག