བོད་དོན་ལས་འགུལ་བ་དང་རྩོམ་པ་པོ་བསྟན་འཛིན་བརྩོན་འགྲུས་ལགས་དེང་སྐབས་ཨ་མི་རི་ཀའི་ནང་ཁོང་གིས་འདོན་སྤེལ་གནང་པའི་ཕྱག་དེབ་(ནང་) ཞེས་པ་འགྲེམས་སྤེལ་དང་། རྩོམ་ཡིག་སྒྲོག་སྦྱང་། བོད་དོན་ངོ་སྤྲོད་ཀྱི་གཏམ་བཤད་གནང་རྒྱུའི་ཆེད་སྐོར་སྐྱོད་གནང་བཞིན་ཡོད་པ་ལྟར། ཨ་མི་རི་ཀའི་རྒྱལ་སར་ཆེད་ཕེབས་དུས་སྐབས་དང་བསྟུན། ཐེངས་འདིའི་གླེང་མོལ་གྱི་ལས་རིམ་ནང་། རྩོམ་སྒྲིག་འགན་འཛིན་རྡོ་རྗེ་དགྲ་འདུལ་ལགས་ཀྱིས་གླེང་མོལ་ཞུས་པ་འདི་གཟིགས་རོགས་གནང་།