རྒྱ་ནག་དཔོན་རིགས་གནད་འགག་ཅན་མང་པོ་ཞིག་བོད་ནང་ཆེད་གཏོང་།

2020-08-29
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ནང་རྒྱ་དམག་གི་དམ་དྲག་དང་གླེང་མོལ་བ་བོད་ཀྱི་སྲིད་བྱུས་ཉམས་ཞིབ་བསྟི་གནས་ཁང་གི་འཕགས་བོད་ས་མཚམས་འབྲེལ་བའི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་(གཡས)དང་།  བོད་དང་རྒྱ་གར།  ཡོ་རོབ་བཅས་ཀྱི་ཆབ་སྲིད་ཀྱི་གནད་དོན་དབྱེ་ཞིབ་པ་འབུམ་རམས་པའི་སློབ་གཉེར་བ་ཨ་པ་ལྷ་མོ་ལགས(གཡོན)།

སྒྲིག་བཟོ།

གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  ཉེ་བའི་ཆར་རྒྱ་ནག་གཞུང་གིས་རྒྱ་ནག་དཔོན་རིགས་གནད་འགག་ཅན་མང་པོ་ཞིག་བོད་ནང་ཆེད་གཏོང་བྱས་ཤིང་།   དེའི་ཁོངས་ཕྱི་ཟླ་ ༨ ཚེས་ ༡༤ ཉིན་རྒྱ་ནག་ཕྱི་སྲིད་བློན་ཆེན་ཝང་ཡེས་ཆེད་མངགས་བཏང་སྟེ་ཝང་ཡེས་བོད་ཀྱི་བརྟན་ལྷིང་འདི་རྒྱ་ནག་སྤྱིའི་བདེ་འཇགས་ལ་འབྲེལ་བ་ཡོད་པ་ནན་བརྗོད་བྱས་ཡོད་པ་རེད།   ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་བོད་ཀྱི་སྲིད་བྱུས་ཉམས་ཞིབ་བསྟི་གནས་ཁང་གི་འཕགས་བོད་ས་མཚམས་འབྲེལ་བའི་ཉམས་ཞིབ་པ་ཚེ་དབང་རྡོ་རྗེ་ལགས་དང་།  བོད་དང་རྒྱ་གར།  ཡོ་རོབ་བཅས་ཀྱི་ཆབ་སྲིད་ཀྱི་གནད་དོན་དབྱེ་ཞིབ་པ་འབུམ་རམས་པའི་སློབ་གཉེར་བ་ཨ་པ་ལྷ་མོ་ལགས་བཅས་དང་ལྷན་རྒྱ་གར་དང་རྒྱ་ནག་གཉིས་ཀྱིས་བོད་ཐོག་སྲིད་བྱུས་དང་སྐབས་བབ་ཀྱི་སྲིད་དོན་ཐབས་བྱུས་འཛིན་སྟངས་ལ་དབྱེ་ཞིབ་སླད་བཀའ་བསྡུར་གླེང་མོལ་ཞུས་པར་གསན་རོགས་ཞུ།

མཆན། (0)
Share
དྲ་གནས་ཆ་ཚང༌།