རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་གིས་འགོ་འཁྲིད་པའི་ལོ་ལྔ་ཅན་གྱི་འཆར་གཞི།

2020-11-07
གློག་འཕྲིན།
མཆན།
Share
པར་བཀོད།
གོ་ལོག་ནང་འབྲོག་པ་གནས་སྤོ་བྱ་ཡུལ་གསར་རྒྱག་བྱས་པའི་ཁང་པ། ༢༠༡༩།༨།༣༠
གོ་ལོག་ནང་འབྲོག་པ་གནས་སྤོ་བྱ་ཡུལ་གསར་རྒྱག་བྱས་པའི་ཁང་པ། ༢༠༡༩།༨།༣༠
རོཡ་ཊརས།

གནད་དོན་གླེང་མོལ་གྱི་ལས་རིམ་ནང་།  རྒྱ་ནག་སྲིད་འཛིན་ཞི་ཅིན་ཕིང་གིས་འགོ་འཁྲིད་པའི་ལོ་ལྔ་ཅན་གྱི་འཆར་གཞི་ ༡༣ འོག་རྒྱ་ནག་གཞུང་གིས་དབྱེ་བའི་བོད་རང་སྐྱོང་ལྗོངས་ཟེར་བའི་ནང་བོད་མི་ཞིང་འབྲོག་མང་ཚོགས་ས་ཡ་ཕྱེད་ཀ་ལྷག་ཙམ་བཙན་ཤེད་ཐོག་ངལ་རྩོལ་སྦྱོང་བརྡར་ནང་ཞུགས་བཅུག་པ་དང་།  ཤིན་ཅང་ནང་གི་དྲག་གནོན་གྱི་སྲིད་བྱུས་དང་ཆ་འདྲ་བ་ཞིག་བོད་ནང་ལག་བསྟར་བྱེད་བཞིན་ཡོད་པའི་གནས་ཚུལ་ཐོན་པ་དང་།  ཡང་སྒོས་ཉེ་བའི་ཆར་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁུལ་འཛུགས་གཏོད་ཅེས་པའི་མིང་སྦྱང་འོག་ལྷོ་ཁ་ས་ཁུལ་སོགས་སུ་བོད་མི་དང་རྒྱ་མི་རིགས་དབར་གཉེན་སྒྲིག་བྱེད་རིགས་ལ་དཔེ་བཟང་གི་བྱ་དགའ་སྤྲོད་པ་སོགས་ཀྱི་སྲིད་བྱུས་ལག་བསྟར་བྱེད་བཞིན་པ་དེ་དག་གི་མ་འོངས་ཤུགས་རྐྱེན་ཇི་ཐེབས་སོགས་ཀྱི་ཐད་བོད་ཀྱི་སྲིད་བྱུས་ཉམས་ཞིབ་ཁང་གི་ཉམས་ཞིབ་པ་བསྟན་འཛིན་ཚེ་བརྟན་ལགས་དང་ལྷན་ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གི་གསར་འགོད་པ་བཀྲིས་དབང་ཕྱུག་ལགས་ཀྱིས་གླེང་མོལ་ཞུས་པར་གསན་རོགས་ཞུ།

མཆན། (0)
Share
དྲ་གནས་ཆ་ཚང༌།