མི་རབས་གསར་པའི་ལེ་ཚན་ནང་། ཀེ་ན་ཌའི་ནང་བོད་མི་སྐྱབས་བཅོལ་དུ་ཐོག་མར་གཞིས་སྤོས་ནས་འཆར་ལོ་༢༠༢༡ལོར་ལོ་ངོ་༥༠འཁོར་གྱི་ཡོད་པ་དང་སྟབས་བསྟུན་གྱིས། སྤྱི་སེམས་ལས་འཆར་ཞེས་པའི་བོད་མི་དྭང་བླངས་བ་ཁག་ཅིག་གིས་སྣེ་ཁྲིད་གནང་ཐོག ཀེ་ན་ཌའི་རྒྱལ་ཡོངས་ཕྱི་མི་འགྲེམས་སྟོན་ཁང་ནང་བོད་མི་སྐྱབས་བཅོལ་བའི་ལོ་རྒྱུས་དེ་ གཏན་འཇགས་འགྲེམས་སྟོན་ཁོངས་སུ་གཞག་རྒྱུའི་ལས་འཆར་སྐོར་ འདི་གའི་ལས་བྱེད་དོན་གྲུབ་རྣམ་རྒྱལ་ལགས་ཀྱིས་འབྲེལ་ཡོད་ལ་བཅར་འདྲི་ཕྱོགས་བསྒྲིགས་ཞུས་པར་གསན་རོགས་ཞུ།།