འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་ནད་ཡམས་འགོས་ཡོད་པ་མི་གྲངས་ས་ཡ་ཉེར་དགུ་བརྒལ།

2020-09-14
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་མི་རི་ཀའི་གྲོས་ཚོགས་ཁང་ཆེན་རྒྱབ་ཀྱི་ཐང་ཆེན་དུ་མི་མང་པོས་ཁ་རས་གྱོན་ཡོད་པ། ༢༠༢༠།༥
ཨ་མི་རི་ཀའི་གྲོས་ཚོགས་ཁང་ཆེན་རྒྱབ་ཀྱི་ཐང་ཆེན་དུ་མི་མང་པོས་ཁ་རས་གྱོན་ཡོད་པ། ༢༠༢༠།༥
Lhuboom/RFA

འཛམ་གླིང་ཁྱོན་ཡོངས་སུ་ད་བར་ཀོ་ཝིཌ་༡༩་ཏོག་དབྱིབས་རིམས་ནད་ཕོག་པ་མི་གྲངས་ས་ཡ་༢༩་ལྷག་བྱུང་བའི་ཁྲོད་ཉུང་མཐར་ཡང་མི་གྲངས་དགུ་འབུམ་ཉིས་ཁྲི་ལྷག་འདས་གྲོངས་སུ་ཕྱིན་འདུག
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་གཙོས་གསར་ལམ་ཁག་གི་གནས་ཚུལ་ལྟར་ན། སྤྱི་ལོ་༢༠༡༩་ལོའི་ཕྱི་ཟླ་བཅུ་གཉིས་པའི་ནང་། ཀོ་ཝིཌ་༡༩་(Covid-19)་ཏོག་དབྱིབས་ནད་ཡམས་དེ་ཐོག་མར་རྒྱ་ནག་གི་ཝུའུ་ཧན་གྲོང་ཁྱེར་ནས་མཆེད་པ་ནས་བཟུང་། ད་བར་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་གྲུ་ཁག་༢༡༠་ལྷག་གི་ནང་ཁྱབ་གདལ་ཕྱིན་ནས། འདི་ཚེས་༡༤་བར་འཛམ་གླིང་ཁྱོན་ཡོངས་སུ་ཏོག་དབྱིབས་གསར་བའི་ནད་ཡམས་འགོས་ཡོད་པའི་ནད་པ་མི་གྲངས་ས་ཡ་༢༩་དང་གཉིས་འབུམ་གཉིས་ཁྲི་ལྷག་བྱུང་བའི་ཁྲོད། ནད་པ་མི་གྲངས་དགུ་འབུམ་གཉིས་ཁྲི་དགུ་སྟོང་ལྷག་རྐྱེན་འདས་སུ་ཕྱིན་ཡོད་པར། ད་ཆ་ནད་པ་མང་ཤོས་ཨ་མི་རི་ཀ་དང་། རྒྱ་གར། བྷིར་ཛལ། ཨུ་རུ་སུ། ལྷོ་ཨ་ཧྥེ་རི་ཀ པེ་རོའུ་སོགས་ཡིན་པ་དང་། ཨ་རིའི་ནང་ཀོ་ཝིཌ་༡༩་ཏོག་དབྱིབས་ནད་ཡམས་འགོས་ཟིན་པའི་ནད་པ་ས་ཡ་དྲུག་དང་འབུམ་ལྔ་ལྷག་བྱུང་བ་ལས་མི་གྲངས་ཆིག་འབུམ་དགུ་ཁྲི་ལྷག་གི་ཚེ་སྲོག་ཤོར་ཡོད་འདུག
དེ་བཞིན་རྒྱ་གར་ནང་དུ་(Covid-19)་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་ཤུགས་ཆེར་འགྲོ་བཞིན་པ་དང་། བོད་མིའི་སྒྲིག་འཛུགས་འཕྲོད་བསྟེན་ལས་ཁུངས་ཀྱི་ཏོག་དབྱིབས་གཉན་རིམ་སྔོན་འགོག་ལས་དོན་ཚོགས་ཆུང་གིས་དྲ་རྒྱའི་ཐོག་གནས་ཚུལ་སྤེལ་བར་ལྟར་ན། རྒྱ་བལ་འབྲུག་གསུམ་ནང་བོད་མི་༢༦༦་ལ་ནད་ཡམས་ཕོག་ཡོད་པ་དང་། བོད་མི་༦་འདས་གྲོངས་སུ་གྱུར་འདུག དེ་མིན་ཕྱི་རྒྱལ་ཡུལ་གྲུ་ཁག་ཏུ་བོད་མི་༢༡༣་ལ་ནད་ཡམས་ཕོག་ཡོད་པ་དང་། བོད་མི་༩་འདས་གྲོངས་སུ་གྱུར་ཡོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།