ཨ་མི་རི་ཀར་ཏོག་དབྱིབས་ནད་འབུ་རྒྱ་ནག་གི་ཚན་རིག་ཚོད་ལྟ་ཁང་ནས་ཐོན་པ་ཡིན་པའི་དཔང་རྟགས་གང་འཚམས་ཡོད་ཟེར།

2020-05-04
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Mike Pompeo)་མཆོག 2020/4/29
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Mike Pompeo)་མཆོག 2020/4/29
AFP

ཏོག་དབྱིམས་ནད་འབུ་གསར་བ་དེ་རྒྱ་ནག་གི་ཚན་རིག་ཚོད་ལྟ་ཁང་ཞིག་ནས་ཐོན་པའི་དཔང་རྟགས་གང་འཚམས་ཤིག་ཡོད་པ་ཨ་རིའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་གསུང་འདུག
ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Mike Pompeo)་མཆོག་གིས་རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བ་དེ་རྒྱ་ནག་གི་ཚན་རིག་ཚོད་ལྟ་ཞིབ་འཇུག་ལྟེ་གནས་ཁང་ཞིག་ནས་ཐོན་པའི་དཔང་རྟགས་གང་འཚམས་ཤིག་ཡོད་པ་གསུང་ཡོད་ནའང་ཨ་མི་རི་ཀའི་གསང་བའི་སྒྲིག་འཛུགས་ཁག་གིས་ནད་འབུ་དེ་མིས་བཟོས་པའི་ནད་འབུ་ཞིག་མིན་རབས་བཤད་པ་དེའི་ཐད་གསལ་བོ་གང་ཡང་གསུང་མེད་པ་རེད་འདུག
དེ་ཡང་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Mike Pompeo)་ཡིས་འདི་ཚེས་༣་རེས་གཟའ་ཉི་མ་ཉིན། ཨ་མི་རི་ཀའི་(ABC)་ཞེས་པའི་རྒྱལ་ཡོངས་གཟུགས་མཐོང་བརྙན་འཕྲིན་ལས་ཁང་དེའི་བཅར་འདྲིའི་སྐབས། རྒྱ་ནག་ཝུའུ་ཧན་ནས་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བ་དེ། རྒྱ་ནག་གི་གྲོང་ཁྱེར་ཝུའུ་ཧན་ནང་གི་ཚན་རིག་བརྟག་དཔྱད་ཁང་དེ་ནས་ཐོན་པའི་དཔང་རྟགས་གང་འཚམས་ཤིག་ཡོད་ཅེས་གསུང་འདུག
བཅར་འདྲི་དེའི་ནང་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་སྐུ་ཞབས་(Pompeo)་ཡིས། ནད་འབུ་དེ་མིས་བཟོས་པ་ཞིག་ཡིན་མིན་སྐོར་གླེང་བར་(ABC)་གསར་འགྱུར་ལས་ཁང་གི་གསར་འགོད་པས་ཨ་མི་རི་ཀའི་གསང་བའི་སྒྲིག་འཛུགས་ཁག་གིས་དེ་མིས་བཟོས་པ་ཞིག་མིན་པའི་སྐོར་ལུང་འདྲེན་གནང་སྐབས། ཁོང་གིས་དེ་ལྟར་ཡིན་སྲིད་པའི་སྐོར་ངོས་ལེན་གནང་འདུག
གོང་ཞུས་ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་གི་བཀའ་མོལ་དེར་རྒྱ་ནག་གཞུང་འབྲེལ་གོ་ལའི་དུས་བབ་(Global Times)་ཞེས་པའི་གསར་ཁང་གིས་ལན་འདེབས་བྱས་བའི་ནང་། ཨ་མི་རི་ཀའི་ཕྱི་སྲིད་དྲུང་ཆེ་མཆོག་གིས་རྫུན་གཏམ་བཤད་ཀྱི་ཡོད་རབས་དང་། ཁོང་ལ་ནད་འབུ་དེ་ཝུའུ་ཧན་གྲོང་ཁྱེར་གྱི་ཚན་རིག་བརྟག་དཔྱད་ཁང་ནས་ཐོན་པའི་དཔང་རྟགས་སྟོན་རྒྱུ་མེད་པའི་སྐོར་བཀོད་འདུག
ཨ་མི་རི་ཀའི་གཞུང་གི་དཔོན་རིགས་ནང་གཞུང་གི་གསང་བའི་གནས་ཚུལ་ཁག་མཁྱེན་རྟོགས་ཡོད་མཁན་རྣམས་ཀྱིས། ཉེ་སྔོན་ནས་ཏོག་དབྱིབས་ནད་འབུ་དེ་རྒྱ་ནག་གི་ཝུའུ་ཧན་གྲོང་ཁྱེར་ནང་སེམས་ཅན་གང་བྱུང་གི་ཤ་ཚོང་འགྲེམས་བྱེད་ཡུལ་གྱི་ཚོང་ར་ནས་ཐོན་པ་དང་། དེ་མིན་གྲོང་ཁྱེར་དེའི་ནང་ཚན་རིག་བརྟག་དཔྱད་ཁང་གཉིས་ཡོད་པའི་གྲས་ཀྱི་གཅིག་ནས་ཐོན་ཡོད་སྲིད་པའི་སྐོར་གསུང་ཡོད་པ་རེད།
དེ་བཞིན་རྒྱ་ནག་ནས་འཛམ་གླིང་གི་ཡུལ་གྲུ་གང་སར་ཐོན་རྫས་འདྲ་མིན་འགྲེམས་ཚོང་བྱེད་བཞིན་པ་ཁག་ལ་སྒོ་ཁྲལ་འཕར་མ་རྒྱབ་ནས། རྒྱ་ནག་གཞུང་གིས་ད་རེས་ཏོག་དབྱིབས་ནད་ཡམས་སྔོན་འགོག་ལས་དོན་འཐུས་ཤོར་བཏང་བ་དང་། ལྷག་དོན་ནད་ཡམས་དང་འབྲེལ་བའི་གནས་ཚུལ་གསང་བ་བྱས་བའི་ཐད་ཨ་མི་རིས་ཀས་ཉེས་ཆད་གཏོང་རྒྱུའི་བསམ་བློ་གཏོང་བཞིན་པ་ཨ་མི་རི་ཀའི་སྲིད་འཛིན་(Trump)་གྱིས་གསུང་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།