བྷ་ར་ཛིལ་གཞུང་གིས་རྒྱ་ནག་ནས་བཟོས་བའི་ཏོག་དབྱིབས་ནད་ཡམས་སྡོན་འགོག་སྨན་ཁབ་བཀག་སྡོམ།

2020-11-10
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་ནས་བཟོས་བའི་(Covid-19)་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་སྨན་ཁབ། ༡༡།༠༩།༢༠
རྒྱ་ནག་ནས་བཟོས་བའི་(Covid-19)་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་སྨན་ཁབ། ༡༡།༠༩།༢༠
AP

ལྷོ་ཨ་མི་རི་ཀའི་གླིང་ཕྲན་ནང་གི་རྒྱལ་ཁབ་བྷ་ར་ཛིལ་(Brazil)གཞུང་གིས་རྒྱ་ནག་ནས་བཟོས་པའི་(Covid-19)་ཏོག་དབྱིབས་ནད་ཡམས་སྔོན་འགོག་གི་སྨན་ཁབ་དེ་མི་ལ་ཚོད་ལྟ་བྱས་པར་ཕན་ལས་གནོད་ཆེ་བ་དང་། དོན་འབྲས་ཚབས་ཆེ་བྱུང་བའི་རྒྱུ་མཚན་གྱིས་སྨན་ཁབ་དེ་ཚོད་ལྟ་བྱ་རྒྱུ་ཡུལ་དེའི་འཕྲོད་བསྟེན་ཐོག་རྟོག་ཞིབ་བྱེད་མཁན་ཚོས་བཀག་སྡོམ་བྱས་འདུག
ཨེ་པི་གཙོས་པའི་གསར་ལམ་ཁག་གིས་གནས་ཚུལ་སྤེལ་དོན་ལྟར་ན། བྷ་ར་ཛིལ་གཞུང་གིས་གོང་ཞུས་ཐག་གཅོད་དེ་གནང་སྐོར་(Anvisa)ཞེས་པའི་བྷ་ར་ཛིལ་གྱི་འཕྲོད་བསྟེན་ཐོག་རྟོག་ཞིབ་གནང་མཁན་ཚོགས་པའི་དྲ་རྒྱའི་ཐོག་རེས་གཟའ་ཟླ་བའི་མཚན་མོར་བཀོད་གནང་སྟེ། སྨན་ཁབ་དེ་བཟོ་མཁན་དང་འབྲེལ་ཡོད་ཁག་ཧང་སང་ལུགས་བཤད་འདུག
སྨན་ཁབ་དེ་ནི་རྒྱ་ནག་གི་སྐྱེ་དངོས་དང་སྨན་སྦྱོར་བཟོ་བསྐྲུན་ཁེ་གཉེར་ལས་ཁང་(Sinovac)ཞེས་པ་དང་། བྷ་ར་ཛིལ་ནང་མང་ཆེ་བ་(Sao Paulo)མངའ་སྡེ་གཞུང་གིས་གཉེར་བའི་(Butantan)ཚོགས་སྡེ་ནས་བཟོས་པ་ཡིན་འདུག (Sao Paulo)མངའ་སྡེའི་གཞུང་གིས་གོང་ཞུས་སྨན་ཁབ་དེ་མི་ལ་ཚོད་ལྟ་བྱ་རྒྱུ་མིན་སྐོར་གསར་ལམ་ཁག་བརྒྱུད་ནས་ཤེས་རྟོགས་བྱུང་བ་ལས་བྷ་ར་ཛིལ་གྱི་འཕྲོད་བསྟེན་རྟོག་ཞིབ་ལས་ཁང་(Anivsa)ཡིས་ཐད་ཀར་མ་བཤད་པར་བློ་ཕམ་ཡོད་ལུགས་དང་། དུས་རྒྱུན་ཚོད་ལྟའི་སྐབས་སུ་གནས་ཚུལ་དེ་རིགས་ཡོང་རྒྱུ་ནི་རང་བཞིན་ཡིན་ལུགས་ཀྱི་བསྒྲགས་གཏམ་ཞིག་སྤེལ་འདུག
ཡང་(Butantan)གྱིས་ཨན་ཝི་ས་ཡི་ཐག་གཅོད་དེ་འདྲ་གནང་བར་ཧང་སང་ཧོན་ཐོར་པ་དང་། དེའི་ཐད་གཟའ་མིག་དམར་ཉིན་གསར་འགོད་ལྷན་ཚོགས་ཤིག་སྐོང་རྒྱུ་ཡིན་པའི་བསྒྲགས་གཏམ་ཞིག་སྤེལ་འདུག
(Dimas Covas)ཞུ་བ་(Butantan)ཚོགས་སྡེ་སྣེ་ཁྲིད་མཁན་གྱིས། མི་གཅིག་འཆི་སྐྱོན་བྱུང་ན་ཡང་དེ་ནི་སྨན་ཁབ་དེ་མི་དེར་ཚོད་ལྟ་བྱས་པའི་རྐྱེན་གྱིས་མིན་ལུགས་དང་། ད་ལྟའི་སྨན་ཁབ་དེ་ཚོད་ལྟ་བྱེད་ཕྱིར་དང་བླངས་པ་ཆིག་ཁྲི་ལྷག་ཡོད་སྐོར་གཟའ་ཟླ་བའི་ཕྱིར་དྲོར་ཡུལ་དེའི་བརྙན་འཕྲིན་ལས་ཁང་(Cultura)ཞེས་པར་གསུངས་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།