རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་ཁྲོད་མི་གྲོངས་པའི་གྲངས་འབོར་འགྱུར་བཅོས་བཏང་འདུག

2020-04-17
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱ་ནག་གིས་བཏོན་པའི་ཏོག་དབྱིབས་ནད་པའི་གྲངས་ཐོ།
རྒྱ་ནག་གིས་བཏོན་པའི་ཏོག་དབྱིབས་ནད་པའི་གྲངས་ཐོ།
དྲ་བཤུས།

རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཁྲོད་མི་གྲོངས་བའི་སྡོམ་གྲངས་ལ་འགྱུར་བཅོས་བཏང་འདུག
ཨ་རིའི་(CNN)་གསར་འགྱུར་ལས་ཁང་སོགས་ཀྱིས་གནས་ཚུལ་སྤེལ་བ་ལྟར་ན། རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་འབུ་གསར་པའི་ནད་ཡམས་ཕོག་ནས་རྐྱེན་འདས་སུ་ཕྱིན་པའི་གཞུང་ཕྱོགས་ཀྱི་མིའི་གྲངས་འབོར་ལ་འགྱུར་བཅོས་བྱས་ཡོད་པའི་ནང་། མི་རྐྱེན་འདས་སུ་ཕྱིན་པའི་གྲངས་འབོར་གསུམ་ཆ་གཅིག་ཙམ་ཇེ་མང་དུ་བཏང་ཡོད་འདུག ཝུའུ་ཧན་གྲོང་ཁྱེར་གྱི་དཔོན་རིགས་ནས་ན་ནིང་ལོ་མཇུག་ཏུ་ཏོག་དབྱིབས་ནད་ཡམས་ཕོག་ནས་མི་རྐྱེན་འདས་སུ་ཕྱིན་པའི་གྲངས་འབོར་ཕྱིར་བསྒྲགས་བྱས་པ་ནས་ད་རེས་ཕྱི་ཚེས་༡༧་ཉིན་བར་མི་རྐྱེན་འདས་སུ་ཕྱིན་པའི་གྲངས་འབོར་ཧ་ཅང་མང་དུ་བཏང་ཡོད་པ་དང་། ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་གྲངས་ཐོ་ཞིག་འཇུག་བྱས་སྐབས་ཀྱང་། ཚེས་༡༦་ཉིན་བར་མི་འདས་གྲོངས་སུ་ཕྱིན་པའི་གྲངས་འབོར་དེ་༣༣༥༢་ཡིན་ཡང་ཚེས་༡༧་ཉིན་མི་གྲངས་༤༦༤༢་བར་སྤར་ཡོད་འདུག
ད་དུང་གནས་ཚུལ་ནང་། རྒྱ་ནག་ནང་ཏོག་དབྱིབས་ནད་འབུ་གསར་པའི་ནད་ཡམས་ཕོག་མཁན་དང་རྐྱེན་འདས་སུ་ཕྱིན་པའི་མིའི་གྲངས་འབོར་དེས་ཚད་ཀྱི་མེད་པ་དང་། རྒྱ་ནག་གཞུང་ཕྱོགས་ནས་དངོས་ཡོད་མི་ག་ཚོད་རྐྱེན་འདས་སུ་ཕྱིན་པ་དང་། ནད་ཡམས་ཕོག་མཁན་ག་ཚོད་བྱུང་མིན་སྦས་གསང་བྱེད་ཀྱི་ཡོད་པར་ཕྱི་ཕྱོགས་ནས་ཡིད་ཆེས་བྱེད་ཀྱི་ཡོད་པ་རེད།   རྒྱ་ནག་གི་དཔོན་རིགས་ཚོས་ནད་ཡམས་ཕོག་ནས་རྐྱེན་འདས་སུ་ཕྱིན་པའི་མི་ཁག་ཅིག་རང་ཁྱིམ་དུ་གྲོངས་པ་སོགས་ཀྱིས་མི་རྐྱེན་འདས་སུ་ཕྱིན་པའི་གྲངས་འབོར་ཐོག་མར་ཞིབ་རྩིས་བྱེད་མ་ཐུབ་པ་ཡང་གསལ་བཤད་དང་མཉམ་ད་རེས་ཏོག་དབྱིབས་ནད་ཡམས་ཀྱི་ཁྲོད་རྒྱ་ནག་ནང་མི་རྐྱེན་འདས་སུ་ཕྱིན་པའི་གྲངས་འབོར་ལ་འགྱུར་བ་གཏོང་བ་དེ་ཡང་ལོ་རྒྱུས་དང་མི་དམངས་ལ་འགན་ལེན་བྱས་པ་ཞིག་ཡིན་ལུགས་བཤད་ཡོད་པ་རེད།
རྒྱ་ནག་གཞུང་གིས་ཏོག་དབྱིབས་ནད་ཡམས་དང་འབྲེལ་བའི་གྲངས་འབོར་ལ་འགྱུར་བཅོས་བྱས་པ་ད་རེས་ཐོག་མ་མིན་པར། ཕྱི་ཟླ་དང་པོ་དང་གཉིས་པའི་ནང་མི་རྐྱེན་འདས་སུ་ཕྱིན་པ་དང་ནད་ཡམས་ཕོག་པའི་གྲངས་འབོར་ལ་འགྱུར་བ་ཐེངས་གསུམ་ཙམ་བཏང་ནས་རྒྱ་ནག་ནང་ནད་ཡམས་ཕོག་པའི་དངོས་ཡོད་གནས་སྟངས་ཤེས་རྟོགས་ཐུབ་རྒྱུར་དཀའ་ངལ་བཟོས་ཡོད་པ་མ་ཟད། རྒྱལ་སྤྱིའི་ཁྱོན་ཡོངས་སུ་ནད་ཡམས་འགོག་ཐབས་ལས་དོན་ཐོག་དཀའ་ངལ་བཟོས་ཡོད་པའི་གནས་ཚུལ་སྤེལ་འདུག


མཆན། (0)
Share
དྲ་གནས་ཆ་ཚང༌།