ང་ཚོས་ངེས་བར་དུ་སེམས་ཐག་ཆོད་པོས་ནད་ཡམས་ལ་གདོང་ལེན་འགོག་རྒོལ་བྱེད་དགོས། རྒྱལ་ཚོགས་ཀྱི་དྲུང་ཆེ་ཡིས།

2020-04-01
གློག་འཕྲིན།
མཆན།
Share
པར་བཀོད།
འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་(António Guterres)་མཆོག ༢༠༢༠།༤།༡
འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་(António Guterres)་མཆོག ༢༠༢༠།༤།༡
UN

ཏོག་དབྱིབས་ནད་འབུ་གསར་པའི་ནད་ཡམས་དེ་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་འཛམ་གླིང་ནང་ཁ་གཏད་གཅོག་ཡུལ་ཆེ་ཤོས་དེ་ཆགས་ཡོད་པ་རེད་ཅེས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་གིས་གསུང་འདུག
རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་པའི་ནད་ཡམས་དེ་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་འཛམ་གླིང་ནང་ཁ་གཏད་གཅོག་ཡུལ་ཤུགས་ཆེ་ཤོས་དེ་ཆགས་ཡོད་པ་རེད་ཅེས་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་མཆོག་གིས་གསུང་འདུག
དེ་ཡང་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་སྤྱི་ཁྱབ་དྲུང་ཆེ་སྐུ་ཞབས་(António Guterres)་མཆོག་གིས། དེང་སྐབས་འཛམ་གླིང་གི་ཡུལ་གྲུ་གང་སར་ཏོག་དབྱིབས་ནད་འབུ་གསར་པའི་ནད་ཡམས་ལ་ཐུགས་སྣང་ཆེན་པོས་གདོང་ལེན་གནང་བཞིན་ཡོད་པ་དང་། ནད་ཡམས་དེ་འཛམ་གླིང་དམག་ཆེན་གཉིས་པའི་རྗེས་ཀྱི་འཛམ་གླིང་ནང་ཁ་གཏད་གཅོག་ཡུལ་ཤུགས་ཆེ་ཤོས་དེ་ཆགས་ཡོད་པ་རེད། ད་ཆ་ང་ཚོས་ངེས་བར་དུ་སེམས་ཐག་ཆོད་པོས་ནད་ཡམས་ལ་གདོང་ལེན་འགོག་རྒོལ་དང་། འཛམ་གླིང་རང་བཞིན་གྱིས་ཕན་ཚུན་འགན་ཁུར་ཡོད་པའི་ཐོག་མཉམ་རུབ་ཀྱིས་གདོང་ལེན་གནང་དགོས་འདི་ཚེས་༡་རེས་གཟའ་ལྷག་པའི་ཉིན་གསུང་པ་དང་། འདུག
ཏོག་དབྱིབས་ནད་འབུ་གསར་པའི་ནད་ཡམས་དེ། འདི་ཚེས་༡་བར་འཛམ་གླིང་ནང་གི་མི་གྲངས་འབུམ་བརྒྱད་དང་ཁྲི་བརྒྱད་ལྷག་ལ་འགོས་ཁྱབ་བྱུང་ཡོད་པ་དང་། དེའི་ནང་ནས་མི་གྲངས་ཁྲི་བཞི་དང་བཞི་སྟོང་ལྷག་ནད་ཡམས་དེའི་འོག་འདས་གྲོངས་སུ་གྱུར་ཡོད་པ་རེད།
དེ་བཞིན་ཡང་ནད་ཡམས་དེའི་རྐྱེན་པས་ཨ་མི་རི་ཀ་གཅིག་པུའི་ནང་མི་གྲངས་བཞི་སྟོང་ཙམ་འདས་གྲོངས་སུ་སོང་ཡོད་པ་ནི། རྒྱ་ནག་གཞུང་གིས་ཕྱི་ཕྱོགས་ལ་གསལ་བསྒྲགས་བྱས་པའི་རྒྱ་ནག་ནང་གི་མི་འཆི་སྐྱོན་བྱུང་བའི་གྲངས་ཀ་ལས་མང་བ་ཆགས་ཡོད་པ་རེད། ཡང་ཨ་མི་རི་ཀའི་ནང་ཡོད་པའི་(Johns Hopkins)་གཙུག་ལག་སློབ་གྲྭ་ཆེན་མོས་ཨ་མི་རི་ཀའི་ནང་ཏོག་དབྱིབས་ནད་འབུ་གསར་པའི་ནད་ཡམས་དེའི་རྐྱེན་པས་འདས་བའི་ཆུ་ཚོད་༢༤་ནང་མི་གྲངས་༨༦༥་ཙམ་འདས་གྲོངས་སུ་ཕྱིན་ཡོད་པ་བརྗོད་འདུག
འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་དང་གཞན་གསར་ལམ་ཁག་གི་གྲངས་ཐོ་ལྟར་ན། འདི་གའི་སྤྱི་ཟླ་ ༤ ་པའི་ཚེས་༡་ཉིན་གྱི་ཞོགས་པ་བར། རྒྱ་ནག་ཝུའུ་ཧན་ནས་ཐོག་མར་མཆེད་པའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་དེ་འཛམ་གླིང་གི་རྒྱལ་ཁབ་དང་ཡུལ་གྲུ་ཁག་༢༠༥་ཙམ་གྱི་ནང་ཁྱབ་ནས། ད་བར་ཁྱོན་བསྡོམས་ནད་པ་མི་གྲངས་༨༨༧༠༨༥་ཐོན་ཡོད་པ་དང་། དེའི་ཁྲོད་ནས་མི་གྲངས་༤༤༢༡༣་འདས་གྲོངས་སུ་ཕྱིན་འདུག་ལ། ད་ལྟའི་ཆར་ནད་པའི་གྲངས་ཀ་མང་ཤོས་ཨ་རི་དང་། ཨེ་ཊ་ལི། རྒྱ་ནག སུ་པན། ཇར་མན་བཅས་ཡིན་པ་རེད།


བསྒྲགས་གཏམ་ཆ་ཚང་གཤམ་གྱི་དྲ་ཐག་ནས་གཟིགས།

མཆན། (0)
Share
དྲ་གནས་ཆ་ཚང༌།