༧གོང་ས་མཆོག་གིས་དྲ་ལམ་བརྒྱུད་ཆོས་འབྲེལ་ཐད་གཏོང་མཛད་གཏན་འཁེལ་འདུག

2020-05-06
གློག་འཕྲིན།
མཆན།
Share
པར་བཀོད།
བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
བོད་ཀྱི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག
OHHDL

སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་རིང་མིན་དྲ་ལམ་བརྒྱུད་ཆོས་འབྲེལ་ཐད་གཏོང་མཛད་གཏན་འཁེལ་འདུག
དེ་ཡང་དགའ་ལྡན་ཕོ་བྲང་ཡིག་ཚང་གིས་ཟླ་༥་ཚེས་༦་ཉིན་གསལ་བསྒྲགས་སྤེལ་བ་ལྟར་ན། གོ་ལའི་ཤར་ནུབ་ཀྱི་ཡུལ་གྲུ་གང་སར་གནས་པའི་དད་ལྡན་མང་ཚོགས་སྤྱི་སྒེར་མང་པོ་ནས་གསོལ་འདེབས་ཞུས་དོན་ལྟར། བོད་ཀྱི་བླ་ན་མེད་པའི་དབུ་ཁྲིད་སྤྱི་ནོར་༧གོང་ས་སྐྱབས་མགོན་ཆེན་པོ་མཆོག་གིས་ཟླ་༥་བའི་ཚེས་༡༦་དང་༡༧་ཉིན་གཉིས་ཀྱི་རིང་། སྔ་དྲོ་ཚོུད་༨་ནས་དགུ་དང་ཕྱེད་ཀའི་བར་དྲ་ལམ་བརྒྱུད་དཔལ་མགོན་འཕགས་པ་ཀླུ་སྒྲུབ་ཀྱིས་མཛད་པའི་དབུ་མ་རིན་ཆེན་ཕྲེང་བའི་ལེའུ་དང་པོ་དང་བཞི་པ་གཉིས་ཀྱི་བཀའ་འཁྲིད་དང་འབྲེལ་ད་ལྟའི་དུས་འདིར་རྐྱེན་ངན་ལ་གདོང་ལེན་བྱེད་ཕྱོགས་ཀྱི་ལམ་སྟོན་སྩལ་བཀོད་འདུག
དགའ་ལྡན་ཕོ་བྲང་ཡིག་ཚང་གི་ཡང་སྟེང་རིན་པོ་ཆེ་ཡིས་གསུང་ན། ཐེངས་འདིའི་ཆོས་འབྲེལ་འདི་བཞིན་དགའ་ལྡན་ཁྲི་ཐོག་ཁང་གིས་དབུས་གདན་ས་ཁག་གི་མཁན་རིན་པོ་ཆེ་རྣམ་པ་དང་། བོད་མིའི་སྒྲིག་འཛུགས། མོན་རྟ་དབང་ནང་གི་ཤེས་ཡོན་ལྟེ་གནས་ཁང་སོགས་གོ་ལའི་ཤར་ནུབ་ཀྱི་དད་ལྡན་མང་པོ་ཞིག་གིས་ཇི་ལྟར་གསོལ་འདེབས་ཞུས་པ་ཞིག་ཡིན་པ་གསུང་གནང་གི་འདུག།
དྲ་ལམ་བརྒྱུད་ནས་བསྩལ་རྒྱུའི་ཆོས་འབྲེལ་དེ་བཞིན་༧གོང་ས་མཆོག་གི་བོད་དབྱིན་རྒྱ་སོགས་ཀྱི་སྐད་ཡིག་དུ་མའི་དྲ་ཚིགས་ནས་ཐད་གཏོང་གནང་རྒྱུ་ཡིན་པ་རེད་འདུག


མཆན། (0)
Share
དྲ་གནས་ཆ་ཚང༌།