ལྷ་ལྡན་གཙུག་ལག་ཁང་ཕུད་དགོན་སྡེ་ཁག་རིམ་བཞིན་མཇལ་སྐོར་བར་སྒོ་ཕྱེ་རྒྱུ་ཡིན་འདུག

2020-05-19
གློག་འཕྲིན།
མཆན།
Share
པར་བཀོད།
ལྷ་ས་གྲོང་ཁྱེར། ༢༠༢༠།༥
ལྷ་ས་གྲོང་ཁྱེར། ༢༠༢༠།༥
བོད་འབྱོར།

བོད་རང་སྐྱོང་ལྗོངས་ཁུལ་གྱི་རྫོང་གྲོང་དང་གྲོང་ཁྱེར་ལྟེ་བའི་ཁུལ་གྱི་དགོན་སྡེ་ཁག་རིམ་བཞིན་མཇལ་སྐོར་བར་སྒོ་ཕྱེ་རྒྱུ་ཡིན་ཚུལ་བསྒྲགས་འདུག
ལྷ་སའི་གཙུག་ལག་ཁང་ཕུད་པའི་བོད་རང་སྐྱོང་ལྗོངས་ཁུལ་གྱི་རྫོང་གྲོང་དང་གྲོང་ཁྱེར་ལྟེ་བའི་ཁུལ་གྱི་དགོན་སྡེ་ཁག་སྤྱི་ལོ་༢༠༢༠་ལོའི་ཟླ་༥་པའི་ཚེས་༢༠་ཉིན་ནས་བཟུང་། རིམ་བཞིན་མཇལ་སྐོར་བར་སྒོ་ཕྱེ་རྒྱུ་ཡིན་པ་ལྷ་ས་གྲོང་ཁྱེར་ནང་བསྟན་མཐུན་ཚོགས་ཀྱིས་ཕྱི་ཟླ་༥ ་ཚེས་ ༡༩ ་ཉིན་གསལ་བསྒྲགས་བྱས་འདུག
གསལ་བསྒྲགས་དེའི་ནང་། ལྷ་ས་ཁུལ་གྱི་དད་ལྡན་པ་ཆོས་མཇལ་དུ་ཡོང་མཁན་ཚོས་ཡུལ་མིའི་ཐོབ་ཐང་ལག་འཁྱེར་མཉམ་འཁྱེར་དགོས་པ་དང་། ཡང་ཕྱི་ཕྱོགས་ཀྱི་དད་ལྡན་པ་དང་ཡུལ་སྐོར་བ་ཚོས་ཡུལ་མིའི་ཐོབ་ཐང་ལག་འཁྱེར་ཐོག་རིམས་ནད་སྔོན་འགོག་ཚོད་འཛིན་གྱི་འགྲོ་བསྐྱོད་ཨང་གྲངས་གཞིར་བཟུང་ཆོས་མཇལ་དང་གནས་གཟིགས་ལ་ཡོང་ཆོག་རྒྱུ་ཞེས་འཁོད་འདུག
ཕོ་བྲང་པོ་ཏཱ་ལ་དང་ལྷ་སའི་གཙུག་ལག་ཁང་། སེར་འབྲས་དགའ་གསུམ་གཙོས་རང་སྐྱོང་ལྗོངས་ཁུལ་གྱི་དགོན་པ་དང་། ལྷ་ཁང་ཡོངས་རྫོགས་འདི་ལོའི་བོད་ཀྱི་ལོ་གསར་མ་ཚེས་གོང་ནས་རྒྱ་ནག་ཝུའུ་ཧན་ནས་བྱུང་བའི་ཏོག་དབྱིབས་ནད་ཡམས་ཁྱབ་གདལ་བཀག་སྡོམ་སྔོན་འགོག་ཆེད་སྒོ་བརྒྱབ་ཡོད་པ་རེད། ལྷ་སའི་གཙུག་ལག་ཁང་སྒོ་མ་ཕྱེ་བའི་རྒྱུ་མཚན་ནི། དགོན་པའི་བདེ་སྲུང་དང་། མེ་ཟོན། གློག་ཤུགས་མཐོར་འདེགས། རིག་དངོང་སྲུང་སྐྱོབ་ཀྱི་ལས་གྲྭ་སྤེལ་བཞིན་ཡོད་ལུགས་ལྷ་སའི་ནང་བསྟན་མཐུན་ཚོགས་ཀྱི་གསལ་བསྒྲགས་དེའི་ནང་བཀོད་འདུག
ལྷ་སའི་གཙུག་ལག་ཁང་ནི་འཛམ་གླིང་མཉམ་འབྲེལ་རྒྱལ་ཚོགས་ཀྱི་རིག་གནས་སྲུང་སྐྱོབ་ཀྱི་རྣམ་གྲངས་སུ་ངོས་འཛིན་ཐོབ་པ་ཞིག་ཡིན་ཞིང་། ཉེ་བའི་ཆར་གཙུག་ལག་གི་མདུན་དུ་ཡོད་པའི་རྡོ་རིང་ཐོག་རྒྱ་ནག་གི་ཁྱད་ཆོས་ལྡན་པའི་འཛུགས་བསྐྲུན་ལས་གཞི་སྤེལ་བཞིན་པར་དོན་གཉེར་ཅན་མང་པོས་སེམས་འཚབ་བྱེད་བཞིན་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།