རྡ་སར་གསུམ་བཅུའི་དུས་དྲན་འཆར་གཞི་ལྡན་པའི་ངང་སྲུང་བརྩི་བྱེད་རྒྱུ་ཡིན་འདུག

2020-03-05
གློག་འཕྲིན།
མཆན།
Share
པར་བཀོད།
བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་གསར་འགོད་ལྷན་ཚོགས་ཐོག ༢༠༢༠།༢།༥
བོད་མིའི་སྒྲིག་འཛུགས་ཀྱི་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་གསར་འགོད་ལྷན་ཚོགས་ཐོག ༢༠༢༠།༢།༥
Dhasa/RFA

ནད་ཡམས་ཁྱབ་གདལ་དུ་འགྲོ་མིན་ལ་མ་བལྟོས་བར་བོད་མིའི་སྒྲིག་འཛུགས་ཀྱི་ངོས་ནས་འཆར་གཞི་དང་ལྡན་པའི་སྒོ་ནས་བོད་མིའི་རང་དབང་སྒེར་ལངས་གསུམ་བཅུའི་དྲན་དུས་སྲུང་བརྩི་ཞུ་རྒྱུ་ཡིན་འདུག
ཟླ་བ་འདིའི་ཚེས་༥་ཉིན་རྡ་རམ་ས་ལར་དབུས་བོད་མིའི་སྒྲིག་འཛུགས་ཀྱིས་དྲིལ་བསྒྲགས་དྲུང་ཆེ་ཨརྱ་ཚེ་དབང་རྒྱལ་པོ་ལགས་ཀྱིས་རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་འབུ་གསར་བ་དབྱིན་སྐད་དུ་(COVID-19)་ནད་ཡམས་དེ་ད་ཆ་རྒྱ་ནག་ནས་འཛམ་གླིང་གི་རྒྱལ་ཁབ་ཁག་བདུན་ཅུ་ལྷག་གི་ནང་ཁྱབ་བཞིན་པར་མ་བལྟོས་བར། རིང་མིན་བོད་མིའི་སྒྲིག་འཛུགས་ཀྱིས་འཆར་གཞི་དང་ལྡན་པའི་སྒོ་ནས་གསུམ་བཅུའི་དུས་དྲན་སྲུང་བརྩི་ཞུ་རྒྱུ་ཡིན་ཞེས་གསར་འགོད་ལྷན་ཚོགས་ཤིག་གི་ཐོག་གསུངས་འདུག་ལ། ད་དུང་ཁོང་གིས་ཕྱི་རྒྱལ་ཡུལ་གྲུ་ཁག་ཚུད་པའི་གཞན་ས་གནས་ཁག་ཏུ་ཡང་སོ་སོའི་གནས་ཡུལ་གྱི་ཁྲིམས་དང་མཐུན་པའི་སྒོ་ནས་གསུམ་བཅུའི་དྲན་སྲུང་བརྩི་ཞུ་རྒྱུ་ནི་ལོ་རྒྱུས་ཐོག་ནས་གལ་ཆེན་པོ་ཆགས་ཡོད་པ་གསུངས་འདུག
འོན་ཀྱང་གསར་འགོད་ལྷན་ཚོགས་འདིའི་སྐབས། སྔོན་འཆར་ལྟར་ན་ཕྱི་ཟླ་ ༤ པའི་ཟླ་འགོར་རྡ་རམ་ས་ལར་ཚོགས་གཏན་འཁེལ་བའི་རྒྱལ་སྤྱིའི་བོད་རིགས་སྤྱི་མཐུན་ཚོགས་པའི་ཚོགས་ཆེན་དེ་ཏོག་དབྱིབས་ནད་འབུ་སྔོན་འགོག་ཆེད་དམིགས་ནས་དུས་ཚོད་ངེས་མེད་བར་ཕྱིར་འགྱངས་བྱ་རྒྱུ་ཡིན་པ་གསལ་བསྒྲགས་གནང་འདུག  ཡིན་ན་ཡང་ཕྱི་ཟླ་ ༥ ནང་ཚོགས་རྒྱུའི་ལྔ་དང་ལྔ་བཅུའི་གཞོན་སྐྱེས་ཚོགས་འདུ་ཐེངས་གསུམ་པ་བསྐོང་ཚོགས་ཀྱི་དུས་ཚོད་ལ་ད་བར་འགྱུར་བ་བཏང་མེད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།