ཏོག་དབྱིབས་ནད་འབུ་གསར་བའི་ནད་རྟགས་ཡོད་པའི་བོད་མི་ཞིག་འདས་གྲོངས།

2020-03-23
གློག་འཕྲིན།
མཆན།
Share
པར་བཀོད།
རྡ་རམ་སཱ་ལའི་ས་གནས་འགོ་འཛིན་ལས་ཁུངས་མདུན། ༢༠༡༩།༡༡
རྡ་རམ་སཱ་ལའི་ས་གནས་འགོ་འཛིན་ལས་ཁུངས་མདུན། ༢༠༡༩།༡༡
Lhuboom/RFA

རྒྱ་གར་ཧི་མ་ཅལ་ཀང་ར་རྫོང་ནས་ཏོག་དབྱིབས་ནད་འབུ་གསར་བའི་ནད་རྟགས་ཡོད་པའི་བོད་མི་ཞིག་འདས་གྲོངས་སུ་ཕྱིན་འདུག
དེ་ཡང་རྒྱ་གར་རྡ་རམ་ས་ལའི་མེག་ལོར་གྷན་རྗེ་ཁུལ་དུ་གནས་སྡོད་བྱེད་མཁན་བོད་མི་དགུང་ལོ་༦༢་ཡིན་པ་ཞིག ཉེ་ལམ་ཨ་མི་རི་ཀ་ནས་ཕྱིར་ལོག་རྗེས་དབུགས་གཏོང་ལེན་དཀའ་བ་སོགས་ཀྱི་ན་ཚའི་རྐྱེན་པས་རྒྱ་གར་ཧི་མ་ཅལ་མངའ་སྡེའི་ཀང་ར་རྫོང་གི་ཊན་ཊ་(Tanda)་གཞུང་གི་སྨན་ཁང་ནས་འདི་ཚེས་༢༣་ཉིན་འདས་གྲོངས་སུ་ཕྱིན་འདུག
ཨེ་ཤེ་ཡ་རང་དབང་རླུང་འཕྲིན་ཁང་གིས་ཁུངས་ལྡན་གནས་ཚུལ་ཤེས་རྟོགས་བྱུང་བར་གཞིགས་ན། ཁོང་ཨ་མི་རི་ཀ་ནས་ལྡི་ལི་བརྒྱུད་འདི་ཚེས་༢༡་ཉིན་གླ་བྱེད་རླངས་འཁོར་དུ་བསྡད་ནས་རྡ་སར་འབྱོར་ཡོད་པ་དང་། རྗེས་སུ་ཁོང་ལ་དབུགས་གཏོང་ལེན་གྱི་ན་ཚ་བྱུང་བའི་རྐྱེན་གྱིས་ཐོག་མར་ཀང་ར་སྦ་ལ་རྗི་(Balaji)་སྒེར་གྱི་སྨན་ཁང་དུ་སོང་ནས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་བྱུར་བར་བརྟེན། དེ་ནས་ཊན་ཊ་གཞུང་གི་སྨན་ཁང་དུ་སོང་ནས་སྨན་བཅོས་བྱས་ཀྱང་ཕན་འབྲས་མ་བྱུང་བར་འདི་ཚེས་༢༣་རེས་གཟའ་ཟླ་བའི་ཉིན་འདས་གྲོངས་སུ་ཕྱིན་ཡོད་པ་དང་། ཊན་ཊ་གཞུང་གི་སྨན་ཁང་གི་སྔོན་འགྲོའི་རྟགས་དཔྱད་ཀྱི་འབྲས་བུར་ཁོང་ལ་ཏོག་དབྱིབས་ནད་འབུ་གསར་བ་འགོས་ཡོད་པའི་ནད་རྟགས་ཐོན་ཡོད་འདུག ཡིན་ཡང་ཀང་ར་རྫོང་གི་ཉེན་རྟོག་དཔོན་གྱིས་མཐའ་མའི་རྟག་དཔྱད་འབྲས་བུ་ཆུ་ཚོད་ཁ་ཤས་རྗེས་ཡོང་རྒྱུ་ཡིན་པ་ངོ་དེབ་བརྒྱུད་གནས་ཚུལ་སྤེལ་འདུག
དེ་བཞིན་འདི་ཚེས་༢༣་ཉིན་རྡ་སའི་ས་གནས་འགོ་འཛིན་ལས་ཁང་ནས་ཀྱང་རྒྱང་བསྒྲགས་བརྒྱུད། དམངས་ཚོགས་ལ་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཀྱི་རྐྱེན་པས་བོད་མི་ཞིག་འདས་གྲོངས་སུ་ཕྱིན་ཡོད་པར་སོང་། མི་མང་ཚོས་རྒྱ་གར་གཞུང་གི་བཀོད་ཁྱབ་ལྟར་ཡིད་གཟབ་དང་རང་ཁྱིམ་ནས་སྡོད་དགོས་བ་སོགས་གསལ་བསྒྲགས་བྱེད་བཞིན་འདུག
གོང་བརྗོད་འདས་གྲོངས་སུ་ཕྱིན་པའི་བོད་མི་དེ་བཙན་བྱོལ་བོད་མིའི་སྤྱི་ཚོགས་ནང་། རྒྱ་ནག་ཝུའུ་ཧན་ནས་ཐོག་མར་ཐོན་པའི་ཏོག་དབྱིབས་ནད་འབུ་གསར་བ་དབྱིན་སྐད་དུ་(Covid-19)་ནད་ཡམས་ཀྱི་རྐྱེན་པས་འདས་གྲོངས་སུ་ཕྱིན་པའི་བོད་མི་ཐོག་མ་དེ་ཆགས་ཡོད།
ཀང་ར་རྫོང་དཔོན་མཆོག་གིས། ད་ལྟའི་ཆར་ཀང་ར་རྫོང་གི་ནང་ནད་ཡམས་འདི་དང་འབྲེལ་རང་ཁྱིམ་དུ་ཟུར་བཀག་བྱེད་བཞིན་པ་མི་གྲངས་༧༠༠་དང་། མི་གྲངས་༢༠་ཟུར་བཀག་སྨན་ཁང་དུ་ཡོད་པ། ད་བར་ཀང་ར་རྫོང་གི་ནང་ཏོག་དབྱིབས་གསར་བའི་འགོས་ནད་དེ་ཕོག་ཡོད་པའི་ནད་པ་གཉིས་ཡོད་པ་འགྲེལ་བརྗོད་གནང་འདུག

སྤྱི་ཟླ་༣པའི་ཚེས་༢༤ཉིན་སྲིད་སྐྱོང་བློ་བཟང་སེང་གེ་མཆོག་གིས་གསལ་བཤད་གནང་གི་འདུག(སྒྲ)སྐར་མ་༢དང་སྐར་ཆ་༣༠དགུང་ལོ་དྲུག་ཅུ་རེ་དགུ་ལ་སོན་པའི་བསྟན་འཛིན་ཆོས་འཕེལ་ལགས།སྤྱི་ཟླ་༣པའི་ཚེས་༡༥ཉིན་ཁོང་གི་སྐུ་ཟླ་དང་ལྷན།ཨ་མི་རི་ཁ་ནས་རྒྱ་གར་རྒྱལ་ས་ལྡི་ལིའི་ནང་འབྱོར་ཏེ།ཉི་མ་ལྔ་རིང་ལྡི་ལི་བོད་སྒར་བསམ་ཡས་གླིང་གི་མགྲོན་ཁང་ཞིག་ཏུ་བསྡད་ཡོད་པས།མགྲོན་ཁང་དེ་དང་ཁོང་བཞུགས་སྒར་དུ་ཚུར་ཡོང་རོགས་རྣམ་པ།གླ་གཏོང་རླངས་འཁོར་གྱི་ཁ་ལོ་པ་སོགས་འབྲེལ་གཏུག་བྱས་ཚད་ཚང་མ་བཙལ་གཅོད་ཀྱིས་ཟུར་བཀག་བྱས་ཡོད་ཁར།ཁོང་གི་བཟའ་ཟླ་དང་བུ་ཕྲུག བུའི་རོགས་པ་བཅས།བོད་མིའི་སྒྲིག་འཛུགས་ནས་སྣེ་ལེན་ཁང་དུ་ཟུར་བཀག་གིས་བཞག་ཡོད་ཐོག ཡང་སྲིད་སྐྱོང་མཆོག་གིས་བོད་མི་ཚང་མས་ཏོག་དབྱིབས་ནད་དུག་ལ་ཡིད་གཟབ་དོགས་ཟོན་གྱིས།ཕར་ཚུར་འགྲུལ་བཞུད་གནང་རྒྱུ་མཚམས་འཇོག་བྱེད་དགོས་པ་ཤིན་ཏུ་གལ་ཆེ་བ་དང་།བོད་མིའི་སྒྲིག་འཛུགས་ཀྱིས་ཏོག་དབྱིབས་ནད་དུག་གི་ཆེད་བཙུགས་པའི་ལས་དོན་ཚོགས་ཆུང་གིས།ཉིན་རེ་བཞིན་གནས་སྟངས་ལ་བཀའ་བསྡུར་གནང་བཞིན་པ་མ་ཟད།ཚོགས་ཆུང་ནང་བླ་སྨན་པ་གཉིས་ཡོད་པ་ནས་ནད་པ་སུ་ལའང་གཟིགས་ཀྱི་མེད་པ་དང་།༧གོང་ས་མཆོག་གི་སྐུ་ཕྱྭ་ཧ་ཅང་གལ་ཆེན་དུ་བརྩིས་ཏེ།དགའ་ལྡན་ཕོ་བྲང་གི་ཡིག་ཚང་ཁག་ཀྱང་སྒོ་བསྐྱོན་ཡོད་པ་ངོ་སྤྲོད་གནང་གི་འདུག།

མཆན། (0)
Share
དྲ་གནས་ཆ་ཚང༌།