ཏོག་དབྱིབས་ནད་འབུ་གསར་བ་འཛམ་གླིང་རང་བཞིན་གྱི་ཛ་དྲག་རིམས་ནད་ཡིན་པ་གསལ་བསྒྲགས།

2020-01-30
གློག་འཕྲིན།
མཆན།
Share
པར་བཀོད།
འཛམ་གླིང་འཕྲོད་བསྟེན་འཛུགས་སྒྲིག་གི་འགན་འཛིན་སྐུ་ཞབས་(Tedros Adhanom Ghebreyesus) ༢༠༢༠།༡།༣༠
འཛམ་གླིང་འཕྲོད་བསྟེན་འཛུགས་སྒྲིག་གི་འགན་འཛིན་སྐུ་ཞབས་(Tedros Adhanom Ghebreyesus) ༢༠༢༠།༡།༣༠
AFP

རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་འབུ་གསར་བའི་རིམས་ནད་དེ་འཛམ་གླིང་རང་བཞིན་གྱི་ཛ་དྲག་རིམས་ནད་ཡིན་པ་འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱིས་གསལ་བསྒྲགས་གནང་འདུག
སྤྱི་ཟླ་༡་པོའི་ཚེས་༣༠་ཉིན། འཛམ་གླིང་འཕྲོད་བསྟེན་སྒྲིག་འཛུགས་ཀྱི་འགན་འཛིན་སྐུ་ཞབས་(Tedros Adhanom Ghebreyesus)་ཡིས་རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་འབུ་གསར་བའི་རིམས་ནད་དེ་འཛམ་གླིང་རང་བཞིན་གྱི་ཛ་དྲག་རིམས་ནད་ཞིག་ཡིན་པ་གསལ་བསྒྲགས་བྱས་ཡོད་པ་དང་། ཁོང་གིས་དེ་ནི་ཏོག་དབྱིབས་ནད་འབུ་གསར་བ་དེ་ཐོག་མར་རྒྱ་ནག་ཝུའུ་ཧན་ནས་ཐོན་པ་དང་། ད་ཆ་རྒྱ་ནག་རྒྱལ་ནང་ཙམ་མིན་པར་རྒྱལ་སྤྱིའི་རྒྱལ་ཁབ་ཁག་མང་པོའི་ནང་ཁྱབ་བཞིན་པར་བརྟེན་འཛམ་གླིང་རང་བཞིན་གྱི་ཛ་དྲག་རིམས་ནད་ཡིན་པ་གསལ་བསྒྲགས་བྱས་བ་ཡིན་ཅེས་གསུངས་འདུག
འདི་ཚེས་༣༠་ཉིན་བར་གྱི་གནས་ཚུལ་ལྟར་ན། རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་འབུ་ཕོག་པའི་ནད་པའི་གྲངས་འབོར་༨༢༣༥་དང་། ནད་དེའི་རྐྱེན་གྱིས་གྲོངས་མཁན་གྱི་གྲངས་འབོར་༡༧༡་བར་འཕར་ནས་ནད་འབུ་ཁྱབ་ཚད་ཀྱི་གནས་སྟངས་ཛ་དྲག་ཡིན་པ་རེད།


མཆན། (0)
Share
དྲ་གནས་ཆ་ཚང༌།