གསལ་བཤད་མང་ཙམ་གནང་དགོས།

2013-10-16
གློག་འཕྲིན།
མཆན།
Share
པར་བཀོད།
འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་འདུའི་ཚོགས་རའི་རྣམ་པ།
འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཚོགས་འདུའི་ཚོགས་རའི་རྣམ་པ།
པར། AFP

འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁྱད་ལས་པ་ཚོས་རྒྱ་ནག་གི་དཔོན་རིགས་ཚོར་འགྲོ་བ་མིའི་ཐོབ་ཐང་དང་འབྲེལ་བའི་སྐོར་གནས་ཚུལ་མང་ཙམ་གསལ་བཤད་དགོས་པའི་འབོད་སྐུལ་གནང་འདུག

དེ་ཡང་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ཁྱད་ལས་པ་ཚོས་རྒྱ་ནག་གི་དཔོན་རིགས་ཚོའི་ངོས་ནས། རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་དོན་གཉེར་བ་ཚོར་རྒྱ་གཞུང་གིས་སྡིག་ར་བསྐུལ་བ་དང༌། འཛིན་བཟུང་བྱས་པ། ངོ་རྒོལ་ནང་མཉམ་ཞུགས་མི་ཆོག་པའི་དམ་བསྒྲཌ་བྱེད་བཞིན་ཡོད་པ་བཅས་ཀྱི་སྐོར་གནས་ཚུལ་མང་ཙམ་གསལ་བཤད་དགོས་པའི་འབོད་སྐུལ་གནང་ཡོད་པ་དང་། དེ་ནི་སུད་སི་གྲོང་ཁྱེར་ཇི་ནེ་ཝའི་ནང་གི་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་དམིགས་བསལ་སྐུ་ཚབ་ཚོགས་ཆུང་གི་ཚོགས་མི་ལྕམ་Margaret Sekaggya ཡིས་གོང་ཞུས་རྒྱ་ནག་གི་བྱ་སྤྱོད་དེ་བཞིན་བདུན་རྗེས་མ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཁང་གིས་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་གནས་བབ་ཐོག་ཞིབ་འཇུག་གི་ལས་དོན་ནང་མཉམ་ཞུགས་བྱེད་མཁན་མི་སྣ་ཚོར་ཆེད་མངགས་དམིགས་པ་ཞིག་ཡིན་སྐོར་སྐྱོན་བརྗོད་གནང་འདུག   ཚོགས་ཞུགས་རྒྱལ་ཁབ་༤༧ཡོད་པའི་འཛམ་གླིང་མཉམ་སྦྲེལ་རྒྱལ་ཚོགས་ཀྱི་འགྲོ་བ་མིའི་ཐོབ་ཐང་ལྷན་ཚོགས་ཀྱིས་༢༠༠༩ལོར་རྒྱ་ནག་ནང་གི་འགྲོ་བ་མིའི་ཐོབ་ཐང་ལ་བསྐྱར་ཞིབ་གནང་ཡོད་པ་དང༌། ལྷན་ཚོགས་དེས་ལོ་བཞི་རེའི་མཚམས་སུ་འཛམ་གླིང་གི་ཡུལ་ཁག་རེ་རེ་བཞིན་བསྐྱར་ཞིབ་ཐེངས་རེ་གནང་གི་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།