ཨ་རིས་རྒྱ་ནག་གི་དཔོན་རིགས་ཨ་རིའི་ནང་འགྲོ་བསྐྱོད་ཐོག་སྒྲིག་སྲོལ་གསར་བ་བཟོས་འདུག

2019-10-17
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་རྒྱལ་སར་རྒྱ་ནག་གི་ལས་འགུལ་བ་དང་ཨ་རིའི་ཉེན་རྟོག་པ། ༢༠༡༦།༤
ཨ་རིའི་རྒྱལ་སར་རྒྱ་ནག་གི་ལས་འགུལ་བ་དང་ཨ་རིའི་ཉེན་རྟོག་པ། ༢༠༡༦།༤
Lhuboom/RFA

རྒྱ་ནག་གི་འགོ་ཁྲིད་ཚོ་ཨ་རིའི་ནང་གང་དུ་འགྲོ་བ་དང་སུ་དང་ཐུག་རྒྱུ་སོགས་ཀྱི་གནས་ཚུལ་རྣམས་སྔ་ས་ནས་ཨ་རིའི་ཕྱི་སྲིད་ལས་ཁུངས་ལ་སྙན་སེང་ཞུ་དགོས་བའི་སྒྲིག་གཞི་ལག་བསྟར་བྱས་འདུག
དེ་ཡང་གནས་ཚུལ་ལྟར་ན། ཟླ་བ་འདིའི་ཚེས་༡༦་ཉིན། ཨ་རིའི་སྲིད་གཞུང་གིས་ཨ་མི་རི་ཀའི་ནང་ཡོད་པའི་རྒྱ་ནག་གི་འགོ་ཁྲིད་ཚོ་དང་། དེ་བཞིན་རྒྱ་ནག་ནས་ཨ་རིར་ཡོང་མཁན་རྒྱ་ནག་གི་འགོ་ཁྲིད་ཚོ་ཨ་རིའི་མངའ་སྡེ་དང་ས་གནས་འདྲ་མིན་ལ་བསྐྱོད་པ་དང་། ས་གནས་དཔོན་རིགས་དང་། སློབ་གྲྭ་ཁག་བཅས་བའི་ནང་ལྟ་སྐོར་དང་། གཏམ་བཤད། མི་སྣ་མཇལ་འཕྲད་སོགས་མ་བྱས་བའི་སྔོན་ཚུད་དུ་འབྲེལ་ཡོད་ལས་དོན་ཁག་ཨ་མི་རི་ཀའི་ཕྱི་སྲིད་ལས་ཁུངས་ལ་སྙན་སེང་ཞུ་དགོས་བའི་སྒྲིག་སྲོལ་གསར་བ་གསལ་བསྒྲགས་དང་མཉམ་ཉིན་དེ་ནས་སྒྲིག་སྲོལ་དེ་ལག་བསྟར་བྱེད་རྒྱུ་ཡིན་པ་བསྒྲགས་འདུག
མིང་འབོད་མ་གནང་བའི་ཨ་རིའི་ལས་བྱེད་ཞིག་གིས། དེ་ནི་རྒྱ་ནག་གིས་ཨ་མི་རི་ཀའི་གཞུང་གི་ལས་བྱེད་དང་གནད་ཡོད་མི་སྣའི་ཐོག་སྒྲིག་སྲོལ་དེ་འདྲ་ལག་བསྟར་བྱེད་བཞིན་པར་བརྟེན། ང་ཚོས་ཕན་ཚུན་ཆ་སྙོམས་དང་འདྲ་མཉམ་གྱི་གནས་སྟངས་ཤིག་ཡོང་ཐབས་བྱེད་བཞིན་ཡོད་ཅེས་བཤད་འདུག
ཚེས་༡༧་ཉིན་རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པས། རྒྱ་ནག་གཞུང་གིས་ཨ་རིའི་གཞུང་འབྲེལ་གྱི་དཔོན་རིགས་ཐོག་འགྲོ་བསྐྱོད་བཀག་སྡོམ་བྱས་མེད་པ་དང༌། གནས་ཚུལ་དེ་དག་ནི་གཞི་རྩ་མེད་པ་ཞིག་ཡིན་པས། ཨ་རི་གཞུང་གིས་ཐག་གཅོད་དེ་དག་ཕྱིར་འཐེན་བྱེད་དགོས་བ་དགོས་འདུན་བཏོན་དང་སྦྲགས་ཨ་རིའི་སྒྲིག་སྲོལ་གསར་བ་དེར་སྐྱོན་བརྗོད་བྱས་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།