ཨ་རིས་རྒྱ་ནག་གི་ཁ་གཏད་ལ་ལངས་ནས་མཐའ་གཅིག་ཏུ་གདོང་ལེན་བྱེད་རྒྱུ་ཡིན་ཟེར།

2019-10-25
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་མི་རི་ཀའི་སྲིད་འཛིན་གཞོན་པ་(Mike Pence)་མཆོག་གིས་གཏམ་བཤད་སྐབས། ༢༠༡༩།༡༠།༢༤
ཨ་མི་རི་ཀའི་སྲིད་འཛིན་གཞོན་པ་(Mike Pence)་མཆོག་གིས་གཏམ་བཤད་སྐབས། ༢༠༡༩།༡༠།༢༤
AFP

ཨ་མི་རི་ཀའི་ངོས་ནས་རྒྱ་ནག་དེ་བཞིན་ཐབས་ཇུས་དང་ཚོང་དོན་གྱི་ཁ་གཏད་ཞིག་ལ་ངོས་འཛིན་གྱིས་མཐའ་གཅིག་ཏུ་གདོང་ལེན་གནང་རྒྱུ་ཡིན་པ་ཨ་རིའི་སྲིད་འཛིན་གཞོན་པས་གཏམ་བཤད་སྤེལ་འདུག
ཨ་མི་རི་ཀའི་ངོས་ནས་རྒྱ་ནག་དེ་བཞིན་ཐབས་ཇུས་དང་ཚོང་དོན་གྱི་ཁ་གཏད་ཞིག་ལ་ངོས་འཛིན་གྱིས་མཐའ་གཅིག་ཏུ་གདོང་ལེན་གནང་རྒྱུ་ཡིན་པ་དང་། རྒྱ་ནག་ལ་ནམ་ཡང་མགོ་སྒུར་གྱི་མ་རེད་ཅེས་ཨ་རིའི་སྲིད་འཛིན་གཞོན་པ་(Mike Pence)་མཆོག་གིས་གཏམ་བཤད་སྤེལ་འདུག
ཕྱི་ཚེས་༢༤་ཉིན། ཨ་མི་རི་ཀའི་སྲིད་འཛིན་གཞོན་པ་(Mike Pence)་མཆོག་གིས་རྒྱལ་ས་ཝ་ཤིན་ཀྲོན་(Washington)་གྱི་(Wilson Center)་ཞེས་ཞིབ་འཇུག་ལྟེ་གནས་ཁང་དུ། རྒྱ་ནག་ཐོག་གཏམ་བཤད་གནང་བའི་སྐབས། རྒྱ་ནག་ནི་ཨ་རིའི་ཐབས་ཇུས་དང་ཚོང་དོན་གྱི་ཁ་གཏད་ཞིག་ལ་ངོས་འཛིན་གནང་གི་ཡོད་པ་འགྲེལ་བརྗོད་གནང་བ་དང་། ཨ་རིའི་མི་མང་གིས་ཨ་རིའི་སྲིད་འཛིན་མཆོག་གིས་རྒྱ་ནག་ཐོག་བཞེངས་ཕྱོགས་མཁྲེགས་པོ་འཛིན་བཞིན་པ་དེར་རྒྱབ་སྐྱོར་གནང་གི་ཡོད་ལ་གྲོས་ཚོགས་ནང་དུ་ཆ་མཚོན་ན་ཡང་། ཆབ་སྲིད་ཚོགས་པ་གཉིས་ཀའི་ངོས་ནས་རྒྱབ་སྐྱོར་ཡོད་པའི་ཐོག འདས་པའི་ལོ་ངོ་༢༥་རིང་ཨ་རིའི་ངོས་ནས་རྒྱ་ནག་དང་མཉམ་དུ་འབྲེལ་ལམ་གནང་ཕྱོགས་ཐད་ནོར་འཁྲུལ་བྱུང་བ་དེ་དག་བཟོ་བཅོས་གནང་སྟེ། རྒྱ་ནག་ཐོག་ད་ལྟའི་ཆར་ཚོང་དང་ཐབས་ཇུས་གང་གི་ཐོག་ནས་ལངས་ཕྱོགས་མཁྲེགས་པོ་བཟུང་བཞིན་ཡོད་པ་གསལ་འདོན་གནང་པ་དང་སྦྲགས། རྒྱ་ནག་གིས་ཨ་རི་དང་། འཛམ་གླིང་རྒྱལ་ཁབ་ཁག་གི་ནང་དྲང་བདེན་མ་ཡིན་པའི་སྒོ་ནས་ཐབས་ཇུས་དང་། ཚོང་དོན་གྱི་ལས་འགུལ་སྤེལ་བཞིན་པ་རྣམས་ལ་ཨ་རིས་མཐའ་གཅིག་ཏུ་གདོང་ལེན་གནང་རྒྱུ་ཡིན་པ་ནན་བརྗོད་གནང་འདུག
ཡང་ཨ་རིའི་སྲིད་འཛིན་སྐུ་གཞོན་(Mike Pence)་མཆོག་གིས། རྒྱ་ནག་གཞུང་གིས་ཤིན་ཅང་ནང་དམ་དྲག་གི་སྲིད་ཇུས་འཛིན་ཕྱོགས་དང་། ཧོང་ཀོང་ནང་བྱུང་བཞིན་པའི་མི་དམངས་ཀྱི་དམངས་གཙོའི་ལས་འགུལ་བཀག་སྡོམ་བྱ་ཐབས་སོགས་རྒྱ་ནག་ནང་ཆོས་དད་དང་སྨྲ་བརྗོད་རང་དབང་གི་གཙོས་འགྲོ་བ་མིའི་རང་དབང་ཐོབ་ཐང་ལ་རྩིས་མེད་རྡོག་རོལ་གཏོང་བཞིན་པར་སྐྱོན་བརྗོད་གནང་པ་མ་ཟད། ལྷག་པར་ཨ་རིའི་(NBA)་རྒྱལ་ཡོངས་ལག་རྩེད་སྤོ་ལོ་མཐུན་ཚོགས་ནས།  ཧོང་ཀོང་གི་ངོ་རྒོལ་གྱི་ལས་འགུལ་ལ་གདུང་སེམས་མཉམ་བསྐྱེད་ཀྱི་རྣམ་པ་བསྟན་པའི་རྐྱེན་གྱིས། རྒྱ་ནག་ནང་ཨ་རིའི་ལག་རྩེད་སྤོ་ལོ་རྩེད་འགྲན་རྒྱང་སྲིང་བཀག་སྡོམ་དང་། དེ་བཞིན་རྩེད་འགྲན་བཀག་འགོག་བྱས་པར་སྐྱོན་བརྗོད་གནང་པ་དང་སྦྲགས། ཨ་རིའི་ལག་རྩེད་སྤོ་ལོ་མཐུན་ཚོགས་གཙོས་པའི་ཚོང་དོན་སྒྲིག་འཛུགས་ཁག་གི་ངོས་ནས། ཨ་མི་རི་ཀའི་རང་དབང་དང་དམངས་གཙོའི་ལྟ་གྲུབ་ཀྱི་རིན་ཐང་རྣམས་ཚོང་དོན་ཁོ་ནའི་ཆེད་དུ་རྡོག་རོལ་དུ་མི་འགྲོ་བ་བྱེད་རྒྱུ་དེ་གལ་ཆེ་ཡིན་པ་ནན་བརྗོད་གནང་ཡོད་པ་རེད།
ཨ་རིའི་སྲིད་འཛིན་སྐུ་གཞོན་(Mike Pence)་མཆོག་གིས་རྒྱ་ནག་ཐོག་སྐྱོན་བརྗོད་ཀྱི་གཏམ་བཤད་ལས་འཕྲོས་ཚེས་༢༥་རེས་གཟའ་པ་སངས་ཉིན། རྒྱ་ནག་ཕྱི་སྲིད་ལས་ཁུངས་ཀྱི་མགྲིན་ཚབ་པ་(Hua Chunying)་གིས། སྐུ་ཞབས་(Mike Pence)་གི་བཀའ་མོལ་དེ་དག་ནི་རྗུན་གཏམ་དང་ཕྱོགས་ལྷུང་ཅན་གྱི་བཀའ་མོལ་ཞིག་ཡིན་ལུགས་དང་། ཨ་རིའི་ངོས་ནས་རྒྱ་ནག་ལ་སྐྱོན་བརྗོད་མ་བྱས་གོང་ཐོག་མར་ཨ་རིའི་ནང་ཁུལ་དུ་མེ་མདའི་མི་གསོད་ཁྲག་སྦྱོར་ལ་སོགས་པའི་དཀའ་ངལ་སེལ་ཐབས་བྱེད་དགོས་ལུགས་ལན་འདེབས་བྱས་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།