རྒྱལ་སྟོན་ཉིན་བོད་མི་ཚོས་རྒྱ་ནག་གཞུང་ཚབ་ཁག་གི་མདུན་ངོ་རྒོལ་བྱས་འདུག

2019-10-01
གློག་འཕྲིན།
མཆན།
Share
པར་བཀོད།
རྒྱལ་སྟོན་ཉིན་བོད་མི་ཚོས་ལྡི་ལིར་རྒྱ་ནག་གཞུང་ཚབ་ཁག་གི་མདུན་ངོ་རྒོལ་སྐབས། ༢༠༡༩།༡༠།༡
རྒྱལ་སྟོན་ཉིན་བོད་མི་ཚོས་ལྡི་ལིར་རྒྱ་ནག་གཞུང་ཚབ་ཁག་གི་མདུན་ངོ་རྒོལ་སྐབས། ༢༠༡༩།༡༠།༡
བློ་བཟང་། RFA

རྒྱ་ནག་མི་དམངས་སྤྱི་མཐུན་རྒྱལ་ཁབ་བཙུགས་ནས་ལོ་ངོ་བདུན་ཅུ་འཁོར་བའི་ཉིན་མོར་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་ངོ་རྒོལ་ལས་འགུལ་སྤེལ་འདུག
སྤྱི་ཟླ་བཅུ་པའི་ཚེས་གཅིག་ཉིན། རྒྱ་ནག་དམར་ཤོག་ཚོགས་པ་བཙུགས་ནས་ལོ་ངོ་༧༠་འཁོར་བའི་ཉིན་མོ་དང་བསྟུན། བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་སྣེ་ཁྲིད་འོག་བོད་མི་ཚོས་རྒྱ་གར་གྱི་རྒྱལ་ས་ལྡི་ལིར་ཡོད་པའི་རྒྱ་ནག་གཞུང་ཚབ་ཁང་གི་མདུན་རྒྱ་ནག་གཞུང་ལ་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད།  སྐབས་དེར་ལྡི་ལིའི་ས་གནས་གཞོན་ནུ་དང་། ཅན་དྷེ་སྒར། རོ་ཧི་ནི་ས་གནས་གཞོན་ནུ་བཅས་ཀྱི་གཙོས་བོད་མི་ཚོས་རྒྱ་ནག་དམར་ཕྱོགས་གཞུང་གི་དྲག་པོའི་སྲིད་བྱུས་ལ་བརྒྱ་ཆ་བརྒྱ་ཐམ་པ་ངོས་ལེན་མེད་ཅེས་དང་། དེ་བཞིན་བོད་ནང་དུ་བོད་མི་ཚོར་ཆོས་དད་རང་མོས་གཙོས་རང་དབང་གི་ཐོབ་ཐང་གང་ཡང་མེད་པས། བོད་ནང་གི་བོད་མི་ཚོར་རང་དབང་དང་ཐོབ་ཐང་སྤྲོད་དགོས་ཞེས་སྐད་འབོད་བྱས་ནས་ངོ་རྒོལ་གྱི་ལས་འགུལ་སྤེལ་ཡོད།
སྐབས་དེར་རྒྱ་གར་གྱི་ཉེན་རྟོག་པས་ལས་འགུལ་བ་མི་གྲངས་ལྔ་བཅུ་ལྷག་ཡོད་པ་རྣམས་འཛིན་བཟུང་གིས་ཆུ་ཚོད་ཁ་ཤས་ལ་བཀག་ཉར་བྱས་རྗེས་ཉིན་རྒྱབ་གློད་གྲོལ་བཏང་ཡོད་པ་རེད།
བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱི་ཚོགས་གཙོ་མགོན་པོ་དོན་འགྲུབ་ལགས་ཀྱིས་གསུངས་ན། རྒྱ་ནག་གཞུང་གིས་རྒྱལ་སྟོན་དུས་ཆེན་གྱི་སྔ་ནུབ་ཏུ་བོད་ནང་གི་བོད་མི་ཚོའི་ཐོག་དམ་དྲག་དང་མཉམ་དུ་བོད་མི་མང་པོ་ཞིག་ལ་འདོད་པ་མེད་བཞིན་དུ་དུས་ཆེན་སྲུང་བརྩི་བྱེད་དགོས་བ་ཡོང་བཞིན་པ་རེད། དྲག་གནོན་དང་། དམ་དྲག བཙན་དབང་གི་སྲིད་ཇུས་དེ་དག་ལ་ངོ་རྒོལ་དང་རྒྱ་ནག་གཞུང་ལ་བརྡ་ལན་སྤྲོད་ཆེད་ལས་འགུལ་འདི་གོ་སྒྲིག་བྱས་བ་ཡིན་པ་ངོ་སྤྲོད་གནང་བྱུང་།
དེ་བཞིན་བོད་ཀྱི་གཞོན་ནུ་ལྷན་ཚོགས་ཀྱིས་ཡོངས་ཁྱབ་བསྒྲགས་གཏམ་ཞིག་སྤེལ་བའི་ནང་། རྒྱ་ནག་གཞུང་གིས་བོད་གཙོས་པའི་གྲངས་ཉུང་མི་རིགས་རྣམས་ལ་དྲག་གནོན་དང་། རྫུན་གཏམ། སྡུག་སྦྱོང་མནར་གཅོད་གཏོང་བཞིན་པ་ལ་མཐའ་གཅིག་ཏུ་ངོ་རྒོལ་ཡོད་པ་སོགས་འཁོད་འདུག

མཆན། (0)
Share
དྲ་གནས་ཆ་ཚང༌།