ཨ་རིའི་སྲིད་འཛིན་མཆོག་གིས་རྒྱ་གར་ནང་གཞུང་དོན་འཚམས་གཟིགས།

2020-02-24
གློག་འཕྲིན།
མཆན།
Share
པར་བཀོད།
ཨ་རིའི་སྲིད་འཛིན་མཆོག་གིས་རྒྱ་གར་ནང་གཞུང་དོན་འཚམས་གཟིགས། ༢༠༢༠།༢།༢༤
ཨ་རིའི་སྲིད་འཛིན་མཆོག་གིས་རྒྱ་གར་ནང་གཞུང་དོན་འཚམས་གཟིགས། ༢༠༢༠།༢།༢༤
AFP

ཨ་རིའི་སྲིད་འཛིན་མཆོག་རྒྱ་གར་ནང་འཚམས་གཟིགས་ཕེབས་པར་མང་ཚོགས་ཁྲི་ཚོ་མང་པོས་དགའ་བསུ་ཞུས་འདུག
དེ་ཡང་རིའུ་ཀྲར་(reuters)་གསར་ལས་ཁང་གིས་གནས་ཚུལ་སྤེལ་བ་ལྟར་ན། ཨ་མི་རི་ཀའི་སྲིད་འཛིན་(Trump)་གིས་འདི་ཚེས་༢༤་ནས་ཉིན་གྲངས་གཉིས་རིང་། རྒྱ་གར་ལ་རྒྱལ་དོན་འཚམས་གཟིགས་ཐོག་མ་དེ་གནང་བཞིན་པ་དང་། ཚེས་༢༤་ཉིན་རྒྱ་གར་ནུབ་བྱང་གྷུ་ཇུ་ར་དིའི་མངའ་སྡེའི་གྲོང་ཁྱེར་(Ahmedabad)་ལ་ཕེབས་ཡོད་འདུག སྲིད་འཛིན་(Trump)་དང་སྐུ་ཟླ་རྣམ་གཉིས་དང་སྐུ་འཁོར་བཅས་ཡོད་པ་ནས་ཁོང་རྒྱ་གར་ས་ཐོག་ཏུ་འབྱོར་མ་ཐག་ཧིན་རྡུའི་སྐད་ཡིག་ནང་ཁྲིཝེ་ཊར་དྲ་ལམ་སུ་རྒྱ་གར་ནང་ཕེབས་ཏེ་ཆུ་ཚོད་འགའ་ཤས་ནང་མཇལ་འཕྲད་ཡོང་ཞེས་བཀོད་པར། རྒྱ་གར་གྱི་སྲིད་བློན་ན་རན་དྷ་ར་མོ་རྡི་མཆོག་གིས་བཤད་སྲོལ་ལྟར་སྐུ་མགྲོན་ནི་ལྷ་འམ་དཀོན་མཆོག་ལྟ་བུར་ངོས་འཛིན་ཞུ་གི་ཡོད་ལ་དགའ་བསུ་ཡོད་ཅེས་ལན་འདེབས་གནང་ཡོད་འདུག
སྲིད་འཛིན་(Trump)་མཆོག་(Ahmedabad)་གྲོང་ཁྱེར་ནང་ཕེབས་པའི་སྐབས་དམིགས་བསལ་གོ་སྒྲིག་ཞུས་པའི་ཚོགས་ཁང་ཆེན མོའི་ནང་མང་ཚོགས་ཁྲི་ཕྲག་མང་པོས་དགའ་བསུ་ཞུས་ཡོད་འདུག གྲོང་ཁྱེར་(Ahmedabad)་ནི་སྲིད་བློན་ན་རན་དྷ་ར་མོ་རྡིའི་བཞུགས་གནས་ཡིན་པ་རེད།
མཛད་འཆར་གཞིར་བཟུང་ལྟར་ན། སྲིད་འཛིན་མཆོག་ལྕམ་མེ་ལེ་ནེཡ་(Melania) དང་མཉམ་དུ་ཁུལ་དེའི་མཛད་རིམ་གྲུབ་རྗེས། (Uttar Pradesh)་མངའ་སྡེའི་གྲོང་ཁྱེར་(Agra)་ནང་ཡོད་པའི་འཛམ་གླིང་ནང་ཤིན་ཏུ་སྙན་གྲགས་ཆེ་བའི་(Taj Mahal)་ལ་ཆུ་ཚོིད་གཅིག་ཙམ་རིང་གཟིགས་སྐོར་གནང་ཡོད་པ་དང་། དེ་ནས་རིམ་བཞིན་རྒྱལ་ས་ལྡི་ལིར་གཞུང་འབྲེལ་གྱི་འཚམས་གཟིགས་གོ་སྒྲིག་ཞུས་ཡོད་འདུག
ཐེངས་འདིའི་ཨ་རིའི་སྲིད་འཛིན་མཆོག་གི་འཚམས་གཟིགས་ནས་འཕྲལ་དུ། ཡུལ་གཉིས་ཀྱི་ཚོང་འབྲེལ་གྱི་གྲོས་མཐུན་འཇོག་ཐུབ་པའི་རེ་བ་དེ་ཙམ་མེད་ཀྱང་ཉིན་ཤས་གོང་སྲིད་འཛིན་མཆོག་གིས་རིང་པོར་མ་ཐོགས་པར་རྒྱ་གར་མཉམ་ཚོང་འབྲེལ་རྒྱ་ཆེན་པོ་ཞིག་གནང་རྒྱུའི་འཆར་གཞི་ཡོད་ཅེས་གསུངས་ཡོད་རེད། སྲིད་བློན་ན་རན་དྷ་ར་མོ་རྡི་མཆོག་གིས་ཀྱང་སྲིད་འཛིན་(Trump)་ནི་སྐུ་སྒེར་གྱི་གྲོགས་པོའི་འདུ་ཤེས་ཡོད་པ་ཞིག་ལ་ངོས་འཛིན་གནང་གི་ཡོད་ཅེས་གསུངས་ཀྱི་ཡོད་བཅས་གང་ལྟར་རྒྱ་གར་གྱི་ངོས་ནས་ཨ་རིའི་སྲིད་འཛིན་(Trump)་གྱི་རྒྱལ་དོན་འཚམས་གཟིགས་ཐེངས་དང་པོ་དེ་བཞིན་ཧ་ཅང་རྒྱས་པོའི་ངང་ཕེབས་བསུའི་གྲ་སྒྲིག་ཞུས་ཡོད་པ་རེད།


མཆན། (0)
Share
དྲ་གནས་ཆ་ཚང༌།