གྲོས་ཚོགས་ཚོགས་དུས་དགུ་པ་ཉིན་གཅིག་རིང་མ་གཏོགས་འཚོགས་རྒྱུ་མིན་པ་རེད་འདུག

2020-03-16
གློག་འཕྲིན།
མཆན།
Share
པར་བཀོད།
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཚོགས་རྭ། ༢༠༡༩།༩།༣༠
སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་བརྒྱད་པའི་ཚོགས་རྭ། ༢༠༡༩།༩།༣༠
RFA

ཏོག་དབྱིབས་གསར་བའི་ནད་ཡམས་སྔོན་འགོག་ཆེད་སྐབས་བཅུ་དྲུག་པའི་བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ་ཉིན་གཅིག་རིང་མ་གཏོགས་འཚོགས་རྒྱུ་མིན་པ་རེད་འདུག
བོད་མི་མང་སྤྱི་འཐུས་ལྷན་ཚོགས་ཀྱི་གྲོས་ཚོགས་ཚོགས་དུས་དགུ་པ། ཕྱི་ལོ་༢༠༢༠་ལོའི་ཟླ་༣་པའི་ཚེས་༡༧་ནས་༢༧་ཚོགས་གཏན་འཁེལ་ཡོད་ནའང་། རྒྱ་ནག་ཝུའུ་ཧན་ནས་ཐོན་པའི་ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ད་ཆ་འཛམ་གླིང་ཁྱོན་དུ་རྒྱ་ཁྱབ་ཀྱིས་ཁྱབ་གདལ་འགྲོ་བཞིན་པར་བརྟེན། གྲོས་ཚོགས་དེ་བཞིན་སྤྱི་ཚེས་༡༧་ཉིན་མོ་གཅིག་པོར་ཚོགས་ནས་ཉིན་དེར་རྩིས་ལོ་ཉིས་སྟོང་༢༠་དང་༢༡་གི་སྔོན་རྩིས་གཏན་འབེབས་གནང་ནས་གྲོལ་རྒྱུ་ཡིན་པ་རེད་འདུག དེའི་ཐད་བོད་མི་མང་སྤྱི་འཐུས་ཚོགས་གཙོ་པདྨ་འབྱུང་གནས་མཆོག་གིས། ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ཀྱི་དབང་གིས་དེ་སྔོན་ནས་སྤྱི་འཐུས་རྒྱུན་ལས་ལྷན་མཇལ་གནང་སྐབས། དུས་ཚོད་ཐུང་དུ་གཏོང་དགོས་པའི་བཀའ་མོལ་བྱུང་བསྡད་པ་རེད། ད་ཆ་རྒྱ་གར་ནང་ཉི་མ་རེ་རེ་བཞིན་ནད་ཡམས་ཁྱབ་གདལ་ཆེ་རུ་འགྲོ་བཞིན་པར་བརྟེན། ང་ཚོས་སྣང་མེད་བཞག་ན་འགྲིག་གི་མེད་པར་རྒྱུན་ལས་ལྷན་འཛོམས་ཀྱིས། ལས་ཁུངས་སྒོ་རྒྱག་མི་དགོས་པ་དང་བཅའ་ཁྲིམས་དང་ཡང་མ་འགལ་བ་ཞིག་ཐག་གཅོད་ཀྱིས་ཉིན་གཅིག་ལ་ཚོགས་རྒྱུ་དང་། ཉིན་དེར་སྔོན་རྩིས་གཏན་འབེབས་དང་ད་དུང་ལས་རིམ་མྱ་ངན་རྗེས་དྲན་གྱི་གྲོས་ཆོད་གྲོས་འཆར་དང་གདུང་སེམས་མཉམ་བསྐྱེད་བཅས་ཡོད་པ་འགྲེལ་བརྗོད་གནང་གི་འདུག
ཏོག་དབྱིབས་ནད་འབུ་གསར་བའི་ནད་ཡམས་ད་ཆ་འཛམ་གླིང་སྤྱི་ཡོངས་སུ་འགོས་ཁྱབ་རྒྱ་ཆེར་འགྲོ་བཞིན་པའི་ཐོག བཙན་བྱོལ་བོད་མི་མང་ཆེ་བ་གནས་ཡུལ་གྱི་རྒྱ་གར་ནང་དུ་མིག་སྔར་ནད་ཡམས་དེ་ཕོག་ཡོད་པ་མི་གྲངས་༡༡༠་ཙམ་ཐོན་ཡོད་པ་རེད།

མཆན། (0)
Share
དྲ་གནས་ཆ་ཚང༌།